འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་ཟབ་མོ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ནུས་སྔར་ལས་འདོན་སྤེལ་གང་ལེགས་བྱེད་དགོས།
2024.08.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 31

འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་བཅས་གནང་བཞིན་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལམ་སྲོལ་སྔར་ལས་འཐུས་ཚང་དུ་བཏང་ནས། འབྲི་ཆུའི་ཟུར་གསུམ་གླིང་སོགས་ས་ཁུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་དངོས་སུ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་ལྟར་དུ། ཧྲང་ཧའེ་དང་ཅང་སུའུ། ཀྲེ་ཅང་། ཨན་ཧོས་བཅས་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས“གཞི་གཅིག་ཅན”དང“སྤུས་ཚད་མཐོ་བའི”གནད་ཚིག་གཉིས་ལ་དམ་པོར་བརྟེན་ཏེ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་བཏང་ནས། ཀུན་གྱི་སྔོན་ལ་ལམ་འཚོལ་ཞིབ་དང་སྣེ་ཁྲིད་དཔེ་སྟོན། ཁྱབ་འགྱེད་སྐུལ་ཁྲིད་བཅས་ཀྱི་ནུས་པ་སྔར་ལས་འདོན་སྤེལ་གང་ལེགས་བྱས་ཡོད།

འབྲི་ཆུའི་ཟུར་གསུམ་གླིང་ས་ཁུལ་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱས་ཤོས་དང་སྒོ་འབྱེད་ཚད་མཐོ་ཤོས། གསར་གཏོད་ནུས་པ་ཆེ་ཤོས་བཅས་ཀྱི་ས་ཁོངས་གྲས་ཀྱི་གཅིག་ཡིན། ད་ལོའི་ལོ་སྟོད་དུ་ཧྲང་ཧའེ་དང་ཅང་སུའུ། ཀྲེ་ཅང་། ཨན་ཧོས་བཅས་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གི་ས་ཁུལ་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་15ལས་བརྒལ་བ་དེས། རྒྱལ་ཡོངས་ཀྱི་དཔལ་འབྱོར་སྤྱིའི་བཞི་ཆའི་གཅིག་ཙམ་ཟིན་ཡོད་ལ། དེར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེན་པོ་ལྡན།

འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་འགོད་དང་སྐུ་ངོ་མས་བཀོད་སྒྲིག སྐུ་ངོ་མས་སྐུལ་འདེད་བཅས་གནང་གིན་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན།  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་འབྲི་ཆུའི་ཟུར་གསུམ་ས་ཁུལ་དུ་རྟོག་ཞིབ་ཐེངས་མང་གནང་བ་དང་། དེ་འབྲེལ་གྱི་ཚོགས་འདུ་གལ་ཆེན་རབ་དང་རིམ་པར་འགོ་འཛིན་གནང་ནས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འགྱུར་བའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཡིས་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཟབ་སྤེལ་གཏོང་རྒྱུ་དེ་ནི། རང་རྒྱལ་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བཤད་ན་དོན་སྙིང་ཆེན་པོ་ལྡན་ཞེས་ནན་གྱིས་གསུངས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་དུ། འབྲི་ཆུའི་ཟུར་གསུམ་གླིང་སོགས་ས་ཁུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་འབྱུང་ཁུངས་ཀྱི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་ནས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་ལ་སྔར་ལས་འཕེལ་རྒྱས་ཆེན་པོ་འབྱུང་ངེས་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནུས་ལྡན་བྱས་ནས། ཅང་མ་འགོར་བའི་སྔོན་ལ། ཧྲང་ཧའེ་དང་ཅང་སུའུ། ཀྲེ་ཅང་། ཨན་ཧོས་བཅས་ཀྱིས་མཉམ་དུ་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འགྱུར་བའི་རེས་སྐོར་གསར་པའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་དངོས་སུ་ཁྱབ་སྒྲོག་བྱས་ཏེ། ཁྱབ་ཁོངས་ཆེན་པོ་དགུ་ལ་དམ་པོར་དམིགས་ནས་གཙོ་གནད་ལས་འགན165བཟོས།

གཞི་གཅིག་ཅན་དུ་འགྱུར་བར་དམ་པོར་དམིགས་ཏེ། འབྲི་ཆུའི་ཟུར་གསུམ་གླིང་ས་ཁུལ་གྱི་ཚན་རྩལ་གསར་གཏོད་ས་ཁོངས་ལས་བརྒལ་བའི་མཐུན་སྦྱོར་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས། ད་ལོར་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གིས་འབྲི་ཆུའི་ཟུར་གསུམ་གླིང་ས་ཁུལ་གྱི་རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་མ་ལག་ལ་བཀོད་སྒྲིག་ཆེན་པོ་གཏོང་འགོ་བརྩམས། ཨན་ཧོས་བཟོ་ལས་སློབ་ཆེན་གྱི་ལྕགས་རིགས་ཕྱི་ངོས་བྱུགས་རིམ་ཚོད་ལྟ་ཁང་དུ། ཧྲང་ཧའེ་དང་ཅང་སུའུ། ཨན་ཧོས་བཅས་ཀྱི་ལས་རིགས་སྣེ་འདྲེན་ཁེ་ལས་ཀྱིས་འབྲི་ཆུའི་ཟུར་གསུམ་གླིང་རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་དང་མཉམ་འབྲེལ་སྒོས་གྲོས་འགོ་བཏོན་པའི། ཐའེ་དང་གསེར་བསྲེས་མ་རྒྱུ་ཆ་ཡིན་པའི“གང་མང་གསོག་འཇོག་ཚན་རིག་ཞིབ་འཇུག”ལས་གཞི་དངོས་སུ་སྤེལ་བཞིན་ཡོད། སྣེ་འདྲེན་ཁེ་ལས་དང་ཚན་རིག་ཞིབ་འཇུག་སྒྲིག་གཞི་མཉམ་འབྲེལ་བྱས་པའི་དབང་གིས། ཁེ་ལས་ཀྱི་མ་དངུལ་གནོན་ཤུགས་མངོན་སུམ་ཇེ་ཆུང་དུ་ཕྱིན་པར་མ་ཟད། ཞིབ་འཇུག་གསར་སྤེལ་གྱི་ལས་ཆོད་ཀྱང་སྔར་ལས་ཆེ་རུ་ཕྱིན་ནས། མཉམ་དུ་མ་དངུལ་གཏོང་བ་དང་ཉེན་ཁ་མཉམ་འཁུར་བྱེད་པ། གྲུབ་འབྲས་མཉམ་སྤྱོད་བྱེད་པ་བཅས་མངོན་འགྱུར་བྱུང་ཡོད།“གང་མང་གསོག་འཇོག”བྱས་པ་དེས་སྔོན་ཆད་ཁེར་རྐྱང་གིས་ཚན་རིག་ཞིབ་འཇུག་བྱེད་པའི་རྣམ་པར་འགྱུར་ལྡོག་བཏང་ཡོད། སྣེ་འདྲེན་ཁེ་ལས་དང་ཚན་རིག་ཞིབ་འཇུག་སྒྲིག་གཞི་མཉམ་འབྲེལ་བྱས་པའི་དབང་གིས། ཁེ་ལས་ཀྱི་མ་དངུལ་གནོན་ཤུགས་སྔར་ལས་ཇེ་ཆུང་དུ་ཕྱིན་པར་མ་ཟད། ད་ལོ་འབྲི་ཆུའི་ཟུར་གསུམ་གླིང་གིས་ད་དུང་རྨང་གཞིའི་ཞིབ་འཇུག་མཉམ་འབྲེལ་ཐེབས་རྩ་འཚོལ་ཞིབ་དང་འཛུགས་རྒྱུ་དང་། མཁྲེགས་གཏོར་ལས་འགན་གལ་ཆེན་ལ་དམ་པོར་དམིགས་ནས་འབྲི་ཆུའི་ཟུར་གསུམ་གླིང་གི་གསར་གཏོད་མཉམ་འབྲེལ་སྒྲིག་གཞི་འཛུགས་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།