ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆེད་དོན་སློབ་སྦྱོང་ཐེངས་དགུ་པར་མགོ་འཛིན་མཛད།
2024.08.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 117

ཟླ8པའི་ཚེས26ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“མི་གྲངས་རྒན་འགྱུར་ཅན་ལ་ཧུར་ཐག་གིས་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། རྒན་གསོའི་ལས་དོན་དང་རྒན་གསོའི་ཐོན་ལས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་ཆེད་དོན་སློབ་སྦྱོང་ཐེངས་དགུ་པ་སྤེལ།     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད།

ཟླ8པའི་ཚེས26ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“མི་གྲངས་རྒན་འགྱུར་ཅན་ལ་ཧུར་ཐག་གིས་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱས་ཏེ། རྒན་གསོའི་ལས་དོན་དང་རྒན་གསོའི་ཐོན་ལས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”ཞེས་པ་བརྗོད་དོན་གཙོ་བོ་ཡིན་པའི་ཆེད་དོན་སློབ་སྦྱོང་ཐེངས་དགུ་པ་སྤེལ།     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་གྲངས་རྒན་འགྱུར་ཅན་གྱི་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལྟར། མི་གྲངས་རྒན་འགྱུར་ཅན་ལ་ཧུར་ཐག་གིས་ཁ་གཏད་འཇལ་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་ནན་མོ་བྱས་ཏེ། རྒན་འགྱུར་ལྟ་བ་དང་བདེ་ཐང་རྒན་འགྱུར་ཅན་གྱི་འདུ་ཤེས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་འདྲེས་པར་བྱས་ནས། རྒན་འགྱུར་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་བཏང་སྟེ། རྒན་འགྱུར་བྱ་བ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཧྥུའུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཝུའུ་ཡུས་ཧྲའོ་ཡིས་འགྲེལ་བཤད་བྱས།     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཀའོ་ཀྲུང་དང་།    རྒྱལ་སྲིད་ཨུ་ཡོན་ཝང་ཞའོ་ཧུང་།    ཧྲིན་དབྱི་ཆིན་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

ལིས་ཆང་གིས་འཆད་ཁྲིད་དང་བརྗེ་རེས་གཏམ་བཤད་ལ་ཉན་རྗེས་བསྟན་དོན། མི་གྲངས་རྒན་འགྱུར་ཅན་ནི་རྗེས་ཕྱོགས་དུས་ཡུན་ཅུང་རིང་བོའི་ནང་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་ཞིག་རེད།     དངོས་ཡོད་དང་མཐུན་པའི་རྩོད་སྒྲུབ་ལས་རྒན་འགྱུར་ཅན་གྱི་འཕེལ་རྒྱས་ཀྱི་གནས་བབ་གསར་པར་ལྟ་སྟངས་ཡག་པོ་འཛིན་དགོས། རྒན་འགྱུར་ཅན་ལས་བྱུང་བའི་འགྲན་རྩོད་ལ་གདེང་འཇོག་ཆེན་པོ་བྱེད་དགོས་པ་དང་། རྒན་འགྱུར་ཅན་ལས་ཐོབ་པའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དང་རྒན་འགྱུར་མི་གྲངས་ཀྱང་ཐོན་ཁུངས་རྩ་ཆེན་ཞིག་ཡིན་པ་ཡང་མཐོང་དགོས།     བབ་བསྟུན་ངང་སྒྲུབ་དགོས་པ་དང་རང་འགུལ་ངང་སྒྲུབ་སྟེ།    འཐབ་ཇུས་སྔོན་དཔག་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྔོན་དཔག་བཀོད་སྒྲིག་ཡག་པོ་བྱས་ནས།    མི་གྲངས་རྒན་འགྱུར་ཅན་ལ་ཁ་གཏད་འཇལ་བ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་གཉིས་ཟུང་འབྲེལ་བྱེད་དགོས་ལ།    ཞབས་ཞུ་དང་མ་དངུལ།    ལམ་ལུགས་བཅས་ཀྱི་འགན་སྲུང་ལ་ཤུགས་བསྣན་ནས་ཧུར་ཐག་གིས་མི་གྲངས་རྒན་འགྱུར་ཅན་ལ་ཁ་གཏད་འཇལ་བའི་ཁྲོད་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས།

ལིས་ཆང་གིས་ནན་གྱིས་བསྟན་དོན། “རྒས་དུས་འཚོ་རྟེན་ཡོད་པའི”ཞབས་ཞུའི་འགན་སྲུང་ལ་ཤུགས་བསྣན་ནས། ཞན་ཆ་དང་མི་འདང་སར་དམིགས་ཏེ་སྲིད་ཇུས་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས།     ཁྱིམ་སྡོད་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    ཉིན་མོའི་ལྟ་སྐྱོང་དང་།    བདེ་ཐང་སླར་གསོའི་ལྟ་སྐྱོང་། ཁྱིམ་དུ་ཡོང་ནས་ཞབས་ཞུ་བྱེད་པ་སོགས་ཀྱི་ནུས་པ་ཆེ་རུ་བཏང་ནས། སྡེ་ཁུལ་རྙིང་པའི་རྒན་གསོའི་ཞབས་ཞུའི་ཐབས་ལམ་ནུས་ལྡན་གྱིས་འཚོལ་ཞིབ་བྱེད་དགོས།     ཡུལ་བབ་དང་བསྟུན་ནས་ཞིང་སྡེའི་རྒན་གསོའི་ཞབས་ཞུའི་དྲ་བ་འཐུས་ཚང་དུ་གཏོང་བ་དང་།    ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན།   ཚད་མཐོའི་རང་བཞིན་གྱི་ལྟ་སྐྱོང་ཞབས་ཞུ་འདོན་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་དགོས་ལ།    ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རོགས་རེས་རྒན་གསོའི་བྱ་བར་རྒྱབ་སྐྱོར་བྱེད་དགོས།     ནུས་པ་ཤོར་བའི་རྒན་པའི་ལྟ་སྐྱོང་དགོས་མཁོར་དམིགས་ཏེ་སྨན་བཅོས་དང་གསོ་བཅོས་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས། ནད་སྐྱོང་རྣམ་པའི་ཉལ་ཁྲི་འདོན་སྤྲོད་ཇེ་མང་དུ་བཏང་སྟེ་ཡུན་རིང་གི་ལྟ་སྐྱོང་ཞབས་ཞུ་འཕེལ་རྒྱས་སུ་གཏོང་དགོས།     གཞི་ཁྱོན་ཆེ་བའི་རྩལ་ནུས་གསོ་སྦྱོང་བྱས་ནས་རྒན་གསོའི་བདག་སྐྱོང་ལས་རིགས་ཀྱི་འགུག་ཤུགས་ཆེ་རུ་གཏོང་དགོས།     “རྒན་པར་བརྟེན་ས་ཡོད་པའི”མ་དངུལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    རྒྱལ་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ཀྱི་གཞི་རྩའི་རྒན་གསོའི་ཉེན་ཚབ་ལམ་ལུགས་འཐུས་ཚང་དུ་གཏོང་བ།    རིམ་པ་མང་པ་དང་འདེགས་སྐྱོར་མང་པའི་རྒན་གསོའི་ཉེན་ཚབ་མ་ལག་འཐུས་ཚང་དུ་གཏོང་དགོས།     “རྒས་དུས་ལས་ཀ་ཡོད་པའི”ལམ་ལུགས་ཀྱི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།   ཧུར་ཐག་གིས་རྒན་པའི་མི་ཤུགས་ཐོན་ཁུངས་གསར་སྤེལ་བྱས་ཏེ། རྒན་པར་འཚམ་པའི་སྣ་མང་ཅན་དང་ཁྱད་ཆོས་ཅན་གྱི་ལས་ཞུགས་ལས་གནས་གསར་སྐྲུན་བྱ་དགོས།    ནུས་ཤུགས་ཡོད་རྒུས་དབུ་དཀར་དཔལ་འབྱོར་གྱི་ཤོང་ཚད་རྒྱ་བསྐྱེད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས།    རྒན་པའི་མཁོ་ཆས་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གཏོང་རྒྱུར་ཤུགས་སྣོན་དགོས་པ་དང་།    རྒན་གསོའི་ཞབས་ཞུའི་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ།    སྤུས་ཚད་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་སྔར་ལས་བཟང་པོའི་སྒོ་ནས་རྒན་པའི་དགོས་མཁོ་སྐོང་དགོས།

ལིས་ཆང་གིས་ནན་གྱིས་བསྟན་དོན། མི་གྲངས་རྒན་འགྱུར་ཅན་ལ་ཧུར་ཐག་གིས་ཁ་གཏད་འཇལ་རྒྱུ་ནི་ཁྱོན་ཡོངས་རང་བཞིན་དང་ཡུན་རིང་རང་བཞིན་གྱི་འཐབ་ཇུས་གལ་ཆེན་ཞིག་རེད།     ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འགན་འཁྲི་འཁུར་སེམས་དང་དགོས་གཏུག་གི་འདུ་ཤེས་སྔར་ལས་ཆེ་རུ་བཏང་སྟེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྲིད་ཇུས་གཏན་འབེབས་དང་འཐུས་ཚང་དུ་གཏོང་བ་དང་། རྒན་པའི་བྱ་བའི་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། རྒན་པའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།

ཤ་བོ་རིན་མཚོས་བསྒྱུར།