ཏང་གི་འཛུགས་སྐྲུན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས།
2024.08.28 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 24

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ནན་གྱིས་བསྟན་དོན། ཏང་གིས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཆུ་ཚད་ཇེ་མཐོར་གཏོང་དགོས་པར་མ་ཟད།    ཏང་འཛུགས་སྐྲུན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་ཀྱང་བྱ་དགོས།

ཏང་གི་འཛུགས་སྐྲུན་ལམ་ལུགས་བཅོས་སྒྱུར་ནི་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་ནང་དོན་གལ་ཆེན་ཞིག་ཡིན་ལ་འགན་སྲུང་གལ་ཆེན་ཞིག་ཀྱང་ཡིན།     ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བསྟན་དོན།    ཏང་ཡོངས་ཀྱིས་བཅོས་སྒྱུར་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཧུར་བརྩོན་རང་བཞིན་དང་།    རང་འགུལ་རང་བཞིན།   གསར་གཏོད་རང་བཞིན་བཅས་ཤུགས་རྒྱག་སར་བྱས་ཏེ།    ཏང་འཛུགས་སྐྲུན་གྱི་ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་ལ།    བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཅོས་སྒྱུར་གྱི་སྙིང་སྟོབས་དང་ཚད་གཞི་ནན་མོ་སྤྱད་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ་དང་།    ཏང་གི་རང་ངོས་གསར་བརྗེ་ལ་བརྟེན་ནས་སྤྱི་ཚོགས་གསར་བརྗེ་ལ་སྣེ་ཁྲིད་བྱེད་པའི་ཚད་མཐོའི་རང་རྟོགས་རྒྱུན་འཁྱོངས་བྱེད་དགོས།

ཀྲུང་དབྱང་རྩ་འཛུགས་པུའུ་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཀྲང་ཆང་གིས་བསྟན་དོན། ཏང་གི་འཛུགས་སྐྲུན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་ན་ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཏང་གིས་ཁྱོན་ཡོངས་སྤྱི་འདོམས་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ལས་བྱེད་པའི་མི་དོན་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད།     ཀྲང་ཆང་གིས་བསྟན་དོན། བཅོས་སྒྱུར་གྱི་ལས་འགན་དོན་འཁྱོལ་བྱེད་པར་ལྟ་སྐུལ་དོ་དམ་ནན་མོ་དང་འགན་འཁུར་ལ་སྐུལ་ལྕག་བྱ་རྒྱུ་དེ་ཚད་མཐོའི་གཅིག་གྱུར་བྱས་ཏེ། རྒྱ་ཆེའི་ལས་བྱེད་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་འབད་འབུངས་ཡར་བརྩོན་དང་བྱས་རྗེས་འཇོག་རྒྱུར་སྐུལ་མ་གཏོང་དགོས།

《ཆོད་དོན》ལས་བསྟན་དོན། ཏང་གི་ཆབ་སྲིད་ཀྱི་ནུས་པ་རྩ་འཛུགས་དང་རྩ་འཛུགས་ནུས་པ་ཆེ་རུ་གཏོང་བ་དང་།    ཏང་ཡོན་གྱི་སློབ་གསོའི་དོ་དམ་དང་ནུས་པ་འདོན་སྤེལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།     ཀྲང་ཆང་གིས་བསྟན་དོན། གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཐུས་ཚང་དུ་བཏང་ནས། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་བཏང་སྟེ་ཏང་ཡོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས།

ཤ་བོ་རིན་མཚོས་བསྒྱུར།