ཟླ8པའི་ཚེས26ཉིན་ནས་ཚེས27ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཐད་ལས་བསྟན་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་པའི་གནས་ཚུལ་དང་དཔལ་འབྱོར་བརྟན་འཇགས་ངང་འཕར་སྣོན་བྱུང་བའི་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས། ཁོས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། དུས་ཐོག་དང་རྒྱུ་སྤུས་བཟང་བའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གནད་དོན་དག་ཐེར་ལེགས་བཅོས་དང་བཅོས་སྐྱོང་བྱེད་པ། སྟོབས་ཤུགས་ཡོད་རྒུས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱས་ནས། ཆུ་ཚད་མཐོ་བའི་སྲུང་སྐྱོབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས།
ཁྲིན་ཀང་སྔ་གཞུག་ཏུ་ཚྭ་འདམ་ཆེ་བའི་ཧི་ཞིན་ཚན་རྩལ་ཚད་ཡོད་ཀུང་ཟི་དང་ལི་ཆེན་ཚན་རྩལ་རྫས་འགྱུར་ཚད་ཡོད་ཀུང་ཟིའི་ཆུ་སྙིགས་བསིལ་སྐམ་རླངས་འགྱུར་རྫིང་བུ། རླངས་ཨན་གཤེར་རོ་ཕྱིར་འབུད་བཟོ་གྲྭ། སྐམ་སའི་ཞི་ཝང་སྡེ་ཚོགས་ཀའོ་ཡོན་རྫས་འགྱུར་བཟོ་ལས་ཚན་རྩལ་ཚད་ཡོད་ཀུང་ཟི། མཚོ་སྔོན་ནན་པོ་ནུས་ཁུངས་ཚན་རྩལ་ཚད་ཡོད་ཀུང་ཟི། གཏེར་ལེན་ཁའི་རྒྱལ་དབང་རྒྱུ་ནོར་དངུལ་གཏོང་དོ་དམ་སྡེ་ཚོགས་ཚད་ཡོད་ཀུང་ཟི་སོགས་ལ་སོང་ནས། དག་ཐེར་བཅོས་སྐྱོང་དང་ལས་གཞི་འཛུགས་སྐྲུན། ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཡུལ་དངོས་ནས་མཐུན་སྦྱོར་བྱས་ཏེ་ཁེ་ལས་ཀྱི་མདུན་དུ་ལྷགས་པའི་དཀའ་ཁག་དངོས་ཐག་བཅད། ཁོས་འབྲེལ་ཡོད་ཁེ་ལས་དང་ས་ཁུལ་གྱིས་དག་ཐེར་ལེགས་བཅོས་ཀྱི་ཇུས་གཞི་ལྟར་འཛུགས་སྐྲུན་དུས་ཚོད་བཀོད་སྒྲིག་བྱེད་པ་དང་འཛུགས་སྐྲུན་འཕེལ་རིམ་དམ་འཛིན་བྱེད་པ་དང་། རྗེས་སྙེག་ཕན་འདྲི་ལ་ཤུགས་བསྣན་ནས། བཟོ་སྐྲུན་གྱི་སྤུས་ཚད་ལ་ཁག་ཐེག་བྱེད་པ་དང་། ཏང་ཀྲུང་དབྱང་དང་རིགས་སོ་སོའི་མང་ཚོགས་ལ་ཚད་ལྡན་གྱི་རྒྱུགས་ལན་སྤྲོད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རང་འགུལ་གྱིས་ཁེ་ལས་ཀྱི་དགོས་མཁོར་བསྟུན་པ་དང་། ཁེ་ལས་ཀྱི་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་བ་དང་། སེམས་ཤུགས་བཏོན་ནས་ཁེ་ལས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་བཅད་དེ། ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལ་བརྟེན་ནས་བདག་གཉེར་གཙོ་གཞིའི་གསོན་ཤུགས་ཆེར་བསྐྱེད་པ་དང་ཚོང་རའི་ཡིད་ཆེས་རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་དགོས་པའི་རེ་བ་བཏོན།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ལོ་སྨད་ཀྱི་བརྟན་འཇགས་འཕར་སྣོན་བྱ་བ་བཟང་བོར་བསྒྲུབ་ན། འཕེལ་རྒྱས་ཀྱི་གནས་བབ་མི་འགྱུར་བ་དང་ངར་སེམས་མི་ཉམས་པ་རྒྱུན་འཁྱོངས་བྱེད་པ་དང་། སྐོར་གསར་པའི་ཚན་རྩལ་དང་ཐོན་ལས་བཅོས་སྒྱུར་གྱི་གོ་སྐབས་དམ་འཛིན་བྱེད་པ། ཚོང་རའི་ཆོས་ཉིད་ལ་བརྩི་མཐོང་བྱེད་པ། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ། སྣེ་ཁྲིད་རང་བཞིན་གྱི་ལས་གཞི་ཡིས་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་སྣེ་ཁྲིད་བྱེད་དགོས། དངུལ་རྩའི་ཉེན་ཁ་འགོག་ཟོན་དང་ཐག་གཅོད་བྱེད་པ་དང་། གྲོན་ཆུང་སྒོས་འཚོ་བ་རོལ་བའི་རེ་བ་ལག་བསྟར་བྱེད་པ། ས་གནས་ཀྱི་བུ་ལོན་ཉེན་ཁ་འགོག་ཟོན་དང་ཐག་གཅོད་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ། དངུལ་རྩའི་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་མཐའ་གཅིག་ཏུ་བཅོས་སྐྱོང་བྱས་ནས། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་དགོས། ལས་ཞུགས་དེ་ཆེས་ཆེ་བའི་དམངས་ཚིས་བྱ་བ་དང་ཆབ་སྲིད་བྱ་བ་དམ་འཛིན་བྱེད་པ་དང་། སློབ་གསོ་དང་རྒན་གསོ། སྨན་བཅོས་སོགས་དམངས་ཚིས་ཀྱི་གཙོ་གནད་བྱ་བ་བཟང་བོར་བསྒྲུབ་པར་གཅིག་འདོམས་བྱེད་པ། ཡུལ་སྐོར་ཐོན་ལས་དང་ཚོང་འགུག་དངུལ་འདྲེན་གྱིས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པའི་མ་དཔེ་གསར་པ་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་རྒྱུན་མ་ཆད་པར་ཇེ་བརྟན་དུ་གཏོང་དགོས། གྲོང་ཁྱེར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་མཐོར་འདེགས་གཏོང་བ་གཙིགས་སུ་འཛིན་པ་དང་། གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན། དོ་དམ་བཅས་ཚན་རིག་དང་མཐུན་པའི་འཁོར་ལམ་དུ་འཇོག་པ། སྤྱི་ཐུན་ཞབས་ཞུ་དང་ཆ་འཕྲིན་ལག་རྩལ་མཉམ་བསྲེས་ཟབ་མོ་བྱེད་པར་ཤུགས་བསྣན་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་ཇེ་དྲག་ཏུ་གཏོང་དགོས། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དམ་འཛིན་བྱེད་པ་དང་། ཏང་གི་སྒྲིག་སྲོལ་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྤྱི་སྡོམ་དང་བཀོལ་སྤྱོད་བྱེད་པ། གྱོད་གཞིས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོ་བཅོས་སྐྱོང་དང་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་ཆེད་དོན་བཅོས་སྐྱོང་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཟབ་སྒྱུར་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱེད་པ་དང་སྐུལ་འདེད་གཏོང་དགོས།
ཞིང་ཆེན་གྱི་འགོ་ཁྲིད་ཝང་ལིན་ཧུའུ་དང་ཀྲུའུ་ཞང་ཧྥིན། ལིའུ་ཐོ་བཅས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།
རིན་ཆེན་མཚོས་བསྒྱུར།