ཀྲའོ་ལི་ཅི་ཡིས་འཇར་པན་གྱི་འཇར་པན་དང་ཀྲུང་གོའི་མཛའ་མཐུན་གྲོས་མིའི་མནའ་འབྲེལ་གྱི་ཚོགས་གཙོ་ཨེར་ཅེ་ཅུན་པོར་མཇལ་འཕྲད་གནང་།
2024.08.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 81

ཟླ8པའི་ཚེས་28ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ། འཇར་པན་གྱི་འཇར་པན་དང་ཀྲུང་གོའི་མཛའ་མཐུན་གྲོས་མི་མནའ་འབྲེལ་གྱི་ཚོགས་གཙོ་ཨེར་ཅེ་ཅུན་པོར་མཇལ་འཕྲད་གནང་།

ཟླ8པའི་ཚེས་28ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ། འཇར་པན་གྱི་འཇར་པན་དང་ཀྲུང་གོའི་མཛའ་མཐུན་གྲོས་མི་མནའ་འབྲེལ་གྱི་ཚོགས་གཙོ་ཨེར་ཅེ་ཅུན་པོར་མཇལ་འཕྲད་གནང་།

ཀྲའོ་ལི་ཅི་ཡིས་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞི་ནི་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ཆབ་སྲིད་དང་བཅའ་ཁྲིམས་ཀྱི་རྨང་གཞི་ཡིན་པ་དང་། ཞི་བདེ་དང་མཛའ་མཐུན། མཉམ་ལས་བཅས་ནི་རྒྱལ་ཁབ་གཉིས་ཀའི་གདམ་ག་ཡང་དག་པ་ཁོ་ན་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་དང་མཉམ་དུ། ཕན་ཚུན་བར་གྱི་ཡིད་ཆེས་ཟམ་མི་ཆད་པར་ཇེབརྟན་དུ་གཏོང་བ་དང་། མཉམ་ལས་ཟབ་སྤེལ་གཏོང་བ། མི་མཐུན་པའི་ཆ་ཐག་གཅོད་ཡག་པོ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་ཡང་དག་པའི་བགྲོད་ལམ་སྟེང་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་འཇར་པན་གྱི་དཔལ་འབྱོར་ཁེ་ཕན་དང་ཐོན་ལས་ཕྲེང་འབྲེལ་མཉམ་འདྲེས་གཏིང་ཟབ་བྱུང་ཡོད་པའི་དབང་གིས། ཕྱོགས་གཉིས་ཀས་ཕན་ཚུན་བར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱུའི་ཐད་ཆ་རྐྱེན་འཛོམས་པོ་ཡོད་པར་མ་ཟད། ཕན་ཚུན་བར་རྒྱབ་སྐྱོར་བྱེད་པའི་ཆ་རྐྱེན་ཡང་འཛོམས་པོ་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་འཇར་པན་རྒྱལ་ཚོགས་ཀྱི་གྲོས་ཁང་གོང་འོག་གཉིས་བར་རྣམ་པ་སྣ་ཚོགས་ཀྱི་བརྗེ་རེས་མཉམ་ལས་བྱེད་འདོད་ཡོད་ཅིང་། འཇར་པན་རྒྱལ་ཚོགས་ཀྱི་གྲོས་མི་དང་བཅས་པའི་འཇར་པན་ཕྱོགས་ཀྱི་ལས་རིགས་སོ་སོའི་གྲོགས་པོ་ཀྲུང་གོར་འཚམས་འདྲི་ཐེངས་མང་ཡོང་ནས། དོན་དངོས་དང་ཆ་ཚང་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ཀྲུང་གོར་རྒྱུས་ལོན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན།

ཨེར་ཅེ་ཅུན་པོ་ཡིས་རྒྱལ་ཁབ་བར་གྱི་འབྲེལ་བ་ནི་མི་དམངས་ཕན་ཚུན་བར་གྱི་མཛའ་ཉེ་ལ་རག་ལས་ཡོད། འཇར་པན་དང་ཀྲུང་གོའི་དམངས་ཁྲོད་ཀྱི་བརྗེ་རེས་ལ་སྐུལ་འདེད་གཏོང་རྒྱུའི་རེ་ལྟོས་ཆེ། འཇར་པན་དང་ཀྲུང་གོའི་མཛའ་མཐུན་གྲོས་མིའི་མནའ་འབྲེལ་གྱིས། འཇར་པན་དང་ཀྲུང་གོའི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།