ཟླ8པའི་ཚེས29ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཟི་ལིང་གྲོང་ཁྱེརགྱི་བརྟན་འཇགས་འཕར་སྣོན་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས། ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་འགན་འཁྲི་ཇེ་དྲག་ཏུ་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས། བློ་བརྟན་འགྱུར་མེད་ཀྱིས་ལོ་ཧྲིལ་བོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་དགོས།
ཁྲིན་ཀང་སྔ་གཞུག་ཏུ་མཚོ་སྔོན་ཡུན་ཐེན་རྒྱལ་སྤྱིའི་ལུད་རྫས་ཚད་ཡོད་ཀུང་ཟི་དང་ཐེན་ཧི་ཉི་འོད་ནུས་པའི་མཚོ་སྔོན་རྒྱུ་ཆས་གསར་པའི་ཚད་ཡོད་ཀུང་ཟི། མཚོ་སྔོན་ཟངས་ལས་ཚད་ཡོད་འགན་ལེན་ཀུང་ཟི། ཟི་ལིང་གྲོང་ཁྱེར་དངུལ་གཏོང་དོ་དམ་ཚད་ཡོད་ཀུང་ཟི་བཅས་ཀྱི་དཀྱིལ་སྙིང་ཚོད་འཛིན་ཁང་དང་ཐོན་སྐྱེད་ཡུལ་དངོས། འཛུགས་སྐྲུན་ཡུལ་དངོས་བཅས་ལ་སོང་ནས། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་དང་ལས་གཞི་འཛུགས་སྐྲུན། བུ་ལོན་ཉེན་ཁ་ཐག་གཅོད་བྱེད་པ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཡུལ་དངོས་ནས་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་ཐད་ཀྱི་དཀའ་ཁག་དང་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཁེ་ལས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཁེ་ལས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། ཁེ་ལས་ཀྱིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་སྣ་ཚོགས་ལ་གོ་བ་ཡང་དག་ལེན་པ་དང་ལོངས་སྤྱོད་གང་ལེགས་བྱེད་པར་རོགས་འདེགས་བྱེད་པ། ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་ཕྱོགས་བསྡུས་མ་རྩ་ཇེ་དམའ་རུ་གཏོང་བ། ཁེ་ལས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བ་དང་གསོན་ཤུགས་ཆེར་བསྐྱེད་པ། སྒུལ་ཤུགས་སྣོན་པར་རོགས་འདེགས་བྱས་ནས། ཁེ་ལས་ཀྱི་མཚོ་སྔོན་ནས་འཕེལ་རྒྱས་སུ་གཏོང་བའི་ཡིད་ཆེས་དང་གདིང་ཤུགས་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་དགོས། ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། སྲུང་སྐྱོབ་དང་འཕེལ་རྒྱས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྔར་ལས་གཅིག་འདོམས་བཟང་བོ་བྱེད་པ། དཔལ་འབྱོར་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྩིས་ཐོ་གཉིས་རྩིས་བཟང་བོར་རྒྱག་པ། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱས་ཏེ། ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་ཆུ་ཚད་མཐོ་བའི་བདེ་འཇགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས། ཁེ་ལས་ཀྱིས་དགེ་མཚན་ལ་རྐང་འཛུགས་པ་དང་མ་འོངས་ལ་རྒྱང་ལྟ་བྱེད་པ་དང་། ཚོང་རའི་དགོས་མཁོ་གཙིགས་སུ་འཛིན་པ་དང་སྲིད་ཇུས་ལག་བསྟར་གྱི་གནད་འགག་དུས་རིམ་དམ་འཛིན་བྱེད་པ། ངེས་ཤུགས་སྲུང་འཛིན་དང་གནོན་ཤུགས་ཐེག་ཐུབ་པར་བྱེད་པ་དང་སྒུལ་ཤུགས་ཇེ་ཆེར་གཏོང་བ། རྒྱུ་ནོར་གྱི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ། མྱུར་དུ་ཚུལ་སྒྱུར་རིམ་སྤོར་བྱེད་པ། འགྲན་རྩོད་ནུས་པ་གཙོ་བོ་རྒྱུན་མ་ཆད་པར་ཇེ་ཆེར་བཏང་སྟེ། འཕེལ་རྒྱས་ཐད་ནས་ཡར་ཐོན་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་དགོས།
ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཝང་ལིན་ཧུའུ། ཀྲུའུ་ཞང་ཧྥིན་བཅས་རྟོག་ཞིབ་ལ་ཞུགས།