ཝང་ཧུའུ་ཉིང་གིས་ཐོ་ཀོའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2024.09.03 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 4

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས2ཉིན་པེ་ཅིང་དུ་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཐོ་ཀོའི་ཙུང་ཐུང་ཧྥུའུ་ལེ་ལ་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱོད་དང་ལྷན་དུ་གྲུབ་འབྲས་ལྡན་པའི་གྲོས་མོལ་གནང་ནས། མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་གཏོང་རྒྱུ་ཐག་གཅོད་བྱས། ཀྲུང་གོ་ཕྱོགས་ཀྱིས་ཐོ་ཀོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ནན་མོ་བྱེད་པ་དང་། སྲོལ་རྒྱུན་མཛའ་བརྩེའི་རྒྱུན་བསྲིང་ཞིང། འཐབ་ཇུས་ཀྱི་ཡིད་རྟོན་ཇེ་དྲག་ཏུ་བཏང་ནས། ཀྲུང་གོ་དང་ཐོ་ཀོ་བར་གྱི་མཛའ་བརྩེའི་མཉམ་ལས་ཐད་རྒྱུན་མཐུད་སྒོས་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཕྱོགས་ལ་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུངས། 

ཧྥུའུ་ལེ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་གྲོས་མོལ་ལེགས་འགྲུབ་བྱུང་བར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁར་ལྷག་བསམ་རྣམ་དག་གིས་རོགས་རམ་བྱས་པས་བློ་གཏད་ཆོག་པའི་གྲོགས་པོ་ཞིག་རེད། ཀྲུང་གོ་སྔར་ལས་ལེགས་འགྲུབ་བྱུང་ཚེ་ཨ་ཧྥེ་རི་ཁ་དེ་བས་འཕེལ་རྒྱས་འགྲོ་སྲིད། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཛའ་བརྩེ་དེ་ཨ་ཧྥེ་རི་ཁའི་ཐུན་མོང་ངོས་འཛིན་དུ་གྱུར་ཡོད་ལ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བས་འཛམ་གླིང་གི་བརྟན་བརླིང་རང་བཞིན་ལ་ནུས་པ་གསར་པ་བསྣན་ཡོད། ཐོ་ཀོ་དེ་བློ་རྩ་བརྟན་པོས་ཀྲུང་གོ་དང་ཕྱོགས་གཅིག་ཏུ་ལངས་ནས། ཕན་ཚུན་ཡིད་རྟོན་དང་ཕན་ཚུན་རོགས་རམ། མཐུན་སྒྲིལ་མཉམ་ལས་བཅས་བྱས་ཏེ། ཞི་བའི་བདེ་འཇགས་དང་དར་རྒྱས་གོང་འཕེལ་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། 

ཧྲི་ཐའེ་ཧྥིན་དང་ཝང་ཏུང་ཧྥིན་མཇལ་འཕྲད་ལ་ཞུགས། 

ལྷ་མོ་འཚོས་བསྒྱུར།