ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཁིན་ནི་ཡའི་ཙུང་ཐུང་ལུའུ་ཐོ་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཁིན་ནི་ཡའི་ཙུང་ཐུང་ལུའུ་ཐོ་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཁིན་ནི་ཡའི་ཙུང་ཐུང་ལུའུ་ཐོ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཁིན་ཉི་ཡའི་བར་དུ་མཛའ་མཐུན་གྱི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། མཛའ་མཐུན་གྱི་འབྲེལ་བ་དེ་མི་རིགས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་འཐབ་རྩོད་ཁྲོད་འཕེལ་རྒྱས་ཕྱིན་པ་དང་རྒྱལ་ཁབ་དར་རྒྱས་དོན་གཉེར་བྱེད་པའི་སྐྱོད་ལམ་སྟེང་གཏིང་ཟབ་ཏུ་ཕྱིན་ཡོད། ཀྲུངགོ་དང་ཁིན་ཉི་ཡས་ཐོག་མཐའ་བར་གསུམ་དུ་ལག་གདང་སྦྲེལ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ཀྱི་མདུན་གྲལ་དུ་བསྐྱོད་པ་དང་། ཕན་ཚུན་འབྲེལ་མཐུད་ཀྱི་བཀོད་འདོམས་རྣམ་གྲངས་འབོར་ཆེན་བསྐྲུན་ནས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བར་མ་ཟད། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་པ་ཐོབ་ཡོད།
ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀྱིས“ཟླ་གྲོགས་གསུམ”གྱི་ཕྱོགས་སུ་ཀྲུང་གོ་དང་ཁིན་ནི་ཡའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་གྲོས་འགོ་བཏོན། གཅིག་ནི་མཛའ་མཐུན་རྒྱུན་འཛིན་དང་། ཕན་ཚུན་ཡིད་ཆེས་བྱེད་པའི་ལྷག་བསམ་ཟོལ་མེད་ཀྱི་ཟླ་གྲོགས་བྱས་ཏེ། ཕན་ཚུན་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོང་དང་རང་བདག་གིས་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་དགོས། གཉིས་ནི་བདེན་སྲུང་གསར་གཏོད་དང་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་ཟླ་གྲོགས་བྱས་ཏེ་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དེ་ཁིན་ནི་ཡའི་ཕྱོགས་ཀྱི“2030ལོའི་རྒྱང་རིང་གི་འཆར་འགོད”དང་འབྲེལ་མཐུད་དམ་ཟབ་བྱེད་པ་དང་། གླིང་ཆེན་ཨ་ཧྥེ་རི་ཁའི་ཤར་རྒྱུད་ཀྱི་ཕན་ཚུན་འབྲེལ་མཐུད་ཀྱི་ལྟེ་གནས་དང་ཐོན་ལས་འཕེལ་རྒྱས་ཁུལ་གཏོད་པ། གཞི་གྲངས་དཔལ་འབྱོར་དང་། ནུས་ཁུངས་གསར་པ། དཔལ་འབྱོར་ཉོ་ཚོང་དང་ཞིང་ཕན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། གསུམ་ནི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་འདྲ་མཉམ་དྲང་བདེན་སྲུང་སྐྱོང་བྱེད་པའི་འཐབ་ཇུས་ཟླ་གྲོགས་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གནད་དོན་ཁྲོད་ཀྱི་འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་བསྣན་ཏེ་ལག་གདང་སྦྲེལ་ནས་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་དགོས།
ལུའུ་ཐོ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ད་ཐེངས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་གཙོ་གཉེར་བྱས་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོ་ཕྱོགས་གཉིས་ཀྱིས་མ་འོངས་འཕེལ་རྒྱས་མཉམ་དུ་དོན་གཉེར་བྱ་ཆེད་སྟེགས་བུ་དང་གོ་སྐབས་གལ་ཆེན་མཁོ་འདོན་བྱས་ཡོད། ཁིན་ནི་ཡ་དང་ཀྲུང་གོའི་འབྲེལ་བ་ནི་མཛའ་གྲོགས་ཟབ་མོ་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་ཡིད་ཆེས། གཉིས་ཕན་མཉམ་རྒྱལ་བཅས་ལ་བརྟེན་པ་ཞིག་ཡིན། ཕྱོགས་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་མིན་པཱ་ས་ནས་ནེ་རོ་པེ་བར་གྱི་ལྕགས་ལམ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཉམ་ལས་རྣམ་གྲངས་གལ་ཆེན་གྲུབ་འབྲས་ཐོབ་པའི་ངང་ལག་བསྟར་བྱས་པས། ཁིན་ནི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ནས་ཁིན་ནི་ཡ་དང་ཀྲུང་གོའི་མཛའ་མཐུན་གཉིས་ཕན་མཉམ་ལས་ཀྱི་ཐ་སྙད་གསར་པར་གྱུར་ཡོད། ཁིན་ནི་ཡ་ཕྱོགས་ཀྱིས་ད་ཐེངས་ཀྱི་གླེང་སྟེགས་རྩེ་ཚོགས་གོ་སྐབས་སུ་བྱས་ནས་ཁིན་ནི་ཡ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་ཀྱིས་ཁིན་ནི་ཡར་མུ་མཐུད་དུ་དངུལ་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱབ་ཁོངས་ཁག་གི་ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་དང་། ལྷག་པར་དུ་ཕན་ཚུན་འབྲེལ་མཐུད་དང་ནུས་ཁུངས་གསར་པ། ན་གཞོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཧྲིལ་པོའི་གྲོས་འགོ་གལ་ཆེན་རབ་དང་རིམ་པ་བཏོན་པ་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་ཆེད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་པར་ཁིན་ནི་ཡ་ཕྱོགས་ཀྱིས་ཚད་མཐོའི་ཡིད་སྨོན་དང་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད། ཁིན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཉམ་ལས་དམ་ཟབ་དང་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་འདོད་ཡོད་ཅེས་གསུངས།
རྩེ་ཚོགས་སྐབས་སུ་ཀྲུང་གོ་དང་ཁིན་ནི་ཡ་ཕྱོགས་གཉིས་ཀྱིས་མ་དངུལ་བསྡུ་སྒྲིག་དང་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་འགོད་རྒྱུ་རེད།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།