ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་མཱ་ལཱ་ཝེའི་ཙུང་ཐུང་ཁྲ་ཁི་ཝེ་ལཱ་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་མཱ་ལཱ་ཝེའི་ཙུང་ཐུང་ཁྲ་ཁི་ཝེ་ལཱ་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་མཱ་ལཱ་ཝེའི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་གཏོང་རྒྱུ་ཁྱབ་བསྒྲགས་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མཱ་ལཱ་ཝེའི་བར་འབྲེལ་བ་བཙུགས་པའི་ཚུན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། ཆབ་སྲིད་ཐད་ཕན་ཚུན་གྱི་ཡིད་རྟོན་བརྟན་པོ་ཡིན་པ་དང་། གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་ཕུན་སུམ་ཚོགས་པ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱེད་པ་གོ་སྐབས་སུ་བརྩིས་ནས། ཀྲུང་གོ་དང་མཱ་ལཱ་ཝེའི་མཛའ་མཐུན་མཉམ་ལས་དེ་མགོ་རྩོམ་ས་གསར་པ་ཞིག་ནས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མུ་མཐུད་དུ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མཱ་ལཱ་ཝེ་ཡིས་རྒྱལ་ཁབ་རང་གི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་བགྲོད་ལམ་འཚོལ་ཞིབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། མཱ་ལཱ་ཝེ་ཕྱོགས་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ། མཱ་ལཱ་ཝེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཛུགས་སྐྲུན་ལ་གཞོགས་འདེགས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཱ་ལཱ་ཝེ་ཕྱོགས་དང་མཉམ་དུ་ཞིང་ལས་དང་། གློག་འཕྲིན། རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོའི་ཁེ་ལས་ཀྱིས་མཱ་ལཱ་ཝེ་རུ་མ་རྩ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་མཱ་ལཱ་ཝེ་སློབ་ཆེན་གྱི་ཁུང་ཙིའི་སློབ་གླིང་བརྒྱུད་དེ། རིག་གནས་བརྗེ་རེས་དང་དམངས་སེམས་གཅིག་ཏུ་སྦྲེལ་བར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མཱ་ལཱ་ཝེ་ཡི་ཁྲང་ཧྲ་རུ་བཅའ་སྡོད་བྱས་པའི་སྤྱིའི་གཞུང་ཚབ་ཁང་བདེ་བླག་ངང་འཁོར་རྒྱུག་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སྔར་ལས་མང་པོའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མཱ་ལཱ་ཝེ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་རོགས་ལས་ལ་ཤུགས་བསྣན་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད།
ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་མཱ་ལཱ་ཝེའི་ཙུང་ཐུང་ཁྲ་ཁི་ཝེ་ལཱ་ལ་མཇལ་འཕྲད་གནང་།
ཁྲ་ཁི་ཝེ་ལཱ་ཡིས་བསྟན་དོན། ཀྲུང་གོར་ཡོང་ཐེངས་རེ་རེར་ཕ་ཡུལ་དུ་ལོག་པའི་སྣང་བ་ཞིག་ཡོད་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་བྱས་པར་བཀའ་དྲིན་ཞུས་པ་ཡིན། མཱ་ལཱ་ཝེ་ཡིས་ཀྲུང་གོ་འདི་ཉིད་ཟོལ་མེད་ཀྱི་གྲོགས་པོ་བཟང་པོར་བརྩི་རྒྱུ་ཡིན། ཉེ་བའི་ལོ་འགའི་རིང་། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་འགྲོ་འོང་དམ་ཟབ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྣེ་ཁྲིད་དེ་འཕེལ་རིམ་གསར་པར་སླེབས་པར་དགའ་བོ་བྱུང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་འོག ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་དུང་ཕྱུར་ལྷག་དབུལ་ཕོངས་ལས་ཐར་བར་བྱས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་སོགས་ཀྱི་གྲོས་འགོ་གལ་ཆེན་དག་གིས་རྒྱལ་ཁབ་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་འགྲོ་བར་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས་ཡོད། མཱ་ལཱ་ཝེ་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་གོས་རང་ངོས་ཀྱི་ཁེ་ཕན་གཙོ་བོར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། མཱ་ལཱ་ཝེ་ཕྱོགས་ཀྱིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ལམ་ལུགས་འཛུགས་སྐྲུན་ཐད་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་པ་དང་། ཐེངས་འདིའི་གླེང་སྟེགས་རྩེ་ཚོགས་གོ་སྐབས་སུ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ཁུལ་ཁོངས་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་བསྣན་ནས། ཀྲུང་གོ་དང་མཱ་ལཱ་ཝེའི་མཛའ་མཐུན་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་རེ་བ་བྱེད་ཀྱིན་ཡོད་ཟེར།
རྩེ་ཚོགས་སྐབས་སུ། ཀྲུང་གོ་དང་མཱ་ལཱ་ཝེ་ཕྱོགས་གཉིས་ཀྱིས་བ་དམ་ཀྲུང་གོར་འདྲེན་པ་དང་། གསར་འགྱུར་སྨྱན་བྱད། འཕེལ་རྒྱས་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་འགོད་རྒྱུ་རེད།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།