ཟླ9པའི་ཚེས3ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཆ་ཏེའི་ཙུང་ཐུང་མུའུ་ཧན་མོ་ཏེ་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས3ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཆ་ཏེའི་ཙུང་ཐུང་མུའུ་ཧན་མོ་ཏེ་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཆ་ཏེ་བར་གྱི་འབྲེལ་བ་དེ་འཐབ་ཇུས་ གྲོགས་པོའི་འབྲེལ་བར་མཐོར་འདེགས་གཏོང་རྒྱུ་ཁྱབ་བསྒྲགས་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཆ་ཏེ་རྒྱལ་ཁབ་གཉིས་ཀྱིས “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་སོགས་སྒྲོམ་གཞིའི་ནང་ཧུར་ཐག་གིས་གཉིས་ཕན་མཉམ་ལས་བྱས་པར་གཡུར་དུ་ཟབ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་བསྟུད་མར་ལོ་མང་པོར་ཆ་ཏེའི་ཉོ་ཚོང་གྲོགས་པོ་དང་དངུལ་གཏོང་གྲོགས་པོའི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་པ་དང་། ཕྱོགས་གཉིས་ཀྱི་དངོས་གཉེར་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཆ་ཏེ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་བསྣན་ནས་ཀྲུང་གོ་དང་ཆ་ཏེ་བར་གྱི་འབྲེལ་བར་འཕེལ་རིམ་གསར་པ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་ཆ་ཏེ་ཡིས་ཀྲུང་གོའི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ཀྲུང་གོར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་པར་བསྔགས་བརྗོད་ཆེན་པོ་བྱེད་བཞིན་ཡོད་ལ། ཆ་ཏེ་རང་བཙན་རང་བདག་གི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་པར་སྔར་བཞིན་དུ་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་འགྲོ་འོང་ལ་ཤུགས་སྣོན་དང་། འདུ་ཤེས་ཀྱི་ངོས་འཛིན་གཅིག་མཐུན་རྒྱ་བསྐྱེད་པ། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་སྒོས་ཕན་ཚུན་རྒྱབ་སྐྱོར་བཅས་བྱེད་དགོས། གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་དང་། དངོས་གཉེར་མཉམ་ལས་ཟབ་སྤེལ་བྱེད་དགོས། ཆ་ཏེ་ཕྱོགས་ཀྱིས་ཐེངས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་ཀྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཟབ་སྤེལ་བྱེད་པ། རང་བདག་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་བ། ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པ་བཅས་ལ་དགའ་བསུ་ཞུས་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཆ་ཏེ་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་གཞི་དོན་འཁྱོལ་བྱེད་པར་སྐུལ་འདེད་དང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་འཇགས་སྲུང་སྐྱོང་བྱས་ནས། མཉམ་དུ་ཞི་བདེ་སྲུང་སྐྱོང་བྱེད་པའི་བརྟན་བརླིང་སྟོབས་ཤུགས་ཤིག་བྱེད་འདོད་ཡོད།
མུའུ་ཧན་མོ་ཏེ་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ང་རང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་ཚོགས་ལ་གདན་འདྲེན་ཞུས་པ་དང་འབྲེལ་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་བྱས་པར་ཐུགས་རྗེ་ཆེ་ཞུས་བ་ཡིན། འདིས་ཆ་ཏེ་དང་ཀྲུང་གོ་ཕྱོགས་གཉིས་ཀྱི་མཛའ་བརྩེ་མཚོན་ཡོད། ཆ་ཏེ་དང་ཀྲུང་གོའི་མཉམ་ལས་ལ་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཉམ་རྒྱལ་གྱི་རྨང་གཞིའི་ཐོག་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཆ་ཏེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་བ་ཡིན་ལ། ཆ་ཏེ་ཕྱོགས་ཀྱིས་ཀྲུང་གོ་དང་མཛའ་མཐུན་གཉིས་ཕན་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བར་བློ་བརྟན་འགྱུར་མེད་ངང་འབད་པ་བྱེད་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག ཀྲུང་གོའི་འཕེལ་རྒྱས་ལ་ཉིན་རེ་བཞིན་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། རྒྱལ་སྤྱིའི་གོ་གནས་ཉིན་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། ཆ་ཏེ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཡིད་སྨོན་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འདུ་ཤེས་དང་གྲོས་གཞི་གལ་ཆེན་རབ་དང་རིམ་པར་བསྔགས་བརྗོད་བྱེད་བཞིན་ཡོད་ལ། ཀྲུང་གོ་མུ་མཐུད་དུ་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་མཐོང་འདོད་ཆེ་ཞིང་། ཀྲུང་གོའི་རྒྱུན་མཐུད་འཕེལ་རྒྱས་ཀྱིས་ཆ་ཏེ་དང་ཨ་ཧྥེ་རི་ཁ། ཐ་ན་འཛམ་གླིང་གི་འཕེལ་རྒྱས་ལ་གོ་སྐབས་སྔར་ལས་མང་པོ་བསྐྲུན་ཐུབ་པར་ཡིད་ཆེས་ཡོད། འདི་ནི་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ལ་སྣེ་ཁྲིད་བྱེད་པར་གལ་འགངས་ཤིན་ཏུ་ཆེ། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞིང་། ཆ་ཏེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མུ་མཐུད་དུ་བརྟན་སྲུང་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན།
རྩེ་ཚོགས་ཀྱི་སྐབས་སུ། ཀྲུང་གོ་དང་ཆ་ཏེ་ཕྱོགས་གཉིས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞི་དང་། མི་ཤུགས་ཐོན་ཁུངས་གསར་སྤེལ་མཉམ་ལས། བ་དམ་དང་ཏིལ་འབྲུ་ ཀྲུང་གོར་ཕྱིར་ཚོང་། གསར་འགྱུར་སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་འགོད་རྒྱུ་རེད།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།