ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པའི་ཡོང་བའི་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ལ་མཇལ་འཕྲད་གནང་བའི་ཚུལ་རེད།
ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པའི་ཡོང་བའི་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་ནི་ཨ་ཧྥེ་རི་ཁའི་མཉམ་འབྲེལ་རང་སྟོབས་ཀྱི་དར་ཆ་དང་རྒྱལ་སྤྱིའི་མཉམ་ལས་སྤེལ་བའི་སྟེགས་བུ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་ཐད་ཀྱི་ཡིད་རྟོན་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་གྱུར་པས། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་དུ་མཐུན་སྦྱོར་མཉམ་སྡེབ་དམ་ཟབ་བྱེད་ཀྱིན་ཡོད། ཀྲུང་གོས་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་ལ་རོགས་བྱས་ནས་ཨ་ཧྥེ་རི་ཁའི་རིམས་འགོད་ལྟེ་གནས་བསྐྲུན་པར་མ་ཟད་བེད་སྤྱོད་བྱས་ཏེ། ཨ་ཧྥེ་རི་ཁའི་འཕྲོད་བསྟེན་བྱ་བཞག་དང་མི་དམངས་ཀྱི་བདེ་ཐང་བདེ་སྐྱིད་ལ་བྱས་རྗེས་བཞག་ཡོད་པ་མཐོང་བས་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྥེའི་མཛའ་མཐུན་བྱ་བཞག་ཁྲོད་དུ་ནུས་པ་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཅིང་། ཐེངས་འདིའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་དེ་གོ་སྐབས་སུ་བརྩིས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པ་དེ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་འདོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཛ་དྲག་ཏུ་གྱུར་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་བཅས་པའི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚན་སྙན་ཇེ་ཆེར་འགྲོ་བཞིན་ཡོད་པས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཐད་བརྟན་བརླིང་རང་བཞིན་དང་དྲང་ནུས་བསྣན་ཡོད། ཨ་ཧྥེ་རི་ཁ་ནི་འཛམ་གླིང་གི་སྣེ་གཙོ་བོ་ཞིག་ཡིན་ལ། ཀྲུང་གོའི་ཕྱི་འབྲེལ་ཐད་ཀྱི་སྔོན་ཐོན་ཁ་ཕྱོགས་གཙོ་བོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་ཆབ་སྲིད་ཀྱི་འགྲོ་འོང་ཟབ་མོ་བྱེད་པ་དང་། འཐབ་ཇུས་ཀྱི་ཡིད་རྟོན་གཏིང་ཟབ་ཏུ་གཏོང་བ། དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པ་དང་། འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། མཐུན་སྒྲིལ་མཉམ་ལས་དམ་ཟབ་བྱེད་པ་དང་། ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ། འདྲ་མཉམ་རིམ་ལྡན་གྱི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དར་སྤེལ་བཏང་སྟེ། རྒྱལ་སྤྱིའི་འདྲ་མཉམ་དྲང་བཞག་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས།
ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པའི་ཡོང་བའི་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥ་ཅི་ལ་མཇལ་འཕྲད་གནང་་བའི་ཚུལ་རེད།
ཧྥ་ཅི་ཡིས་བསྟན་དོན། ངས་ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་ནས་ལོ་ངོ་བརྒྱད་འགོར་བའི་རིང་ལ། ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་སོང་བར་བདེན་དཔང་བྱས་ཤིང་། ཀྲུང་གོ་ཕྱོགས་དང་ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ལམ་ལུགས་རྐྱེན་སྲོལ་འཛུགས་སྐྲུན་ཐད་བཏོན་པའི་ཕུལ་བྱུང་མགོ་ཁྲིད་ནུས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། དུས་རབས་ཕྱེད་ལྷག་གི་རིང་ལ། ཀྲུང་གོས་ཨ་ཧྥེ་རི་ཁའི་མི་སེར་སྤེལ་བར་ངོ་རྒོལ་དང་། བཙན་རྒྱལ་རིང་ལུགས་ལ་ངོ་རྒོལ། རིགས་རུས་དམའ་འབེབས་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། རྨང་གཞིའི་སྒྲིག་ཆས་དང་། འཕྲོད་བསྟེན། ནུས་ཁུངས། ཐོན་ལས། བདེ་འཇགས་སོགས་ཁྱབ་ཁོངས་སོ་སོའི་ཐད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དག་ལ་རོགས་རམ་ཆེན་པོ་བྱས་པ་དང་། ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ཡོན་ལྷན་ཁང་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སུ་ཞུགས་པར་རྒྱབ་སྐྱོར་བྱས་པས། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་བསྟོད་བསྔགས་ཚད་མེད་བྱས་ཏེ་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་ཡིན། དེར་བརྟེན། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་པ་དང་། ཀྲུང་གོས་རྒྱལ་ཁབ་རང་གི་ཁེ་ཕན་གཙོ་བོ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བརྟན་པོ་བྱེད་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ། གོ་ལ་ཧྲིལ་བོའི་བདེ་འཇགས་གྲོས་འགོ། གོ་ལ་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་སོགས་གྲོས་འགོ་གལ་ཆེན་རབ་དང་རིམ་པས་རྒྱལ་ཁབ་སོ་སོའི་མི་དམངས་རྣམས་ལ་ཞི་བདེ་དང་འཕེལ་རྒྱས་མཉམ་སྤྱོད་བྱེད་པའི་གོ་སྐབས་སྤྲད་པས། གོ་ལ་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། གོ་ལ་ཧྲིལ་བོའི་བཅོས་སྐྱོང་མ་ལག་སྔར་ལས་འདྲ་མཉམ་ལུགས་མཐུན་ཡོང་བར་སྐུལ་འདེད་གཏོང་བར་འབྲེལ་བ་གལ་ཆེན་ལྡན། ཨ་ཧྥེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོས་མུ་མཐུད་དུ་འགག་རྩའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། ཨ་ཧྥེ་རི་ཁར་རོགས་བྱས་ནས་དེང་རབས་ཅན་མངོན་འགྱུར་འབྱུང་བ་དང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་འགྲོ་བར་བྱས་རྗེས་གལ་ཆེན་འཇོག་པའི་རེ་བ་བྱེད་ཀྱིན་ཡོད་ཟེར།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
ལྷ་མོ་འཚོས་བསྒྱུར།