ཟླ9པའི་ཚེས3ཉིན་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པེ་ཅིང་ཏེའོ་དབྱི་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཨི་ལིས་ཐི་ལི་ཡཱའི་ཙུང་ཐུང་དབྱི་སཱ་ཡཱ་སིར་མཇལ་འཕྲད་གནང་།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཚེས3ཉིན་པེ་ཅིང་དུ་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཨི་ལིས་ཐི་ལི་ཡཱའི་ཙུང་ཐུང་དབྱི་སཱ་ཡཱ་སིར་མཇལ་འཕྲད་གནང་།
ལིས་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སྐུ་ཞབས་གཉིས་ཀྱིས་གྲོས་མོལ་གནང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་འཕེལ་རྒྱས་ཐད་འཆར་འགོད་བཀོད་སྒྲིག་བྱས། ཀྲུང་གོ་ཕྱོགས་ཀྱིས་ཨི་ལིས་ཐི་ལི་ཡཱའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ལེགས་པོ་བྱེད་ཅིང་། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་སྒྲོམ་གཞིའི་འོག་ཏུ་གཏེར་ལས་དང་ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་ཨི་ལིས་ཐི་ལི་ཡཱའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་དེ་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར། དཔལ་ཡོན་བཅས་འཕེལ་རྒྱས་ཀྱི་སྣེ་གཙོ་བོར་འགྱུར་བར་བློ་རྩ་བརྟན་པོས་རྒྱབ་སྐྱོར་བྱེད་པ་དང་། ཨི་ལིས་ཐི་ལི་ཡཱ་དང་བཅས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དག་དང་མཉམ་དུ་ཐེངས་འདིའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ལེགས་པོ་བྱས་ཏེ། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨི་ལིས་ཐི་ལི་ཡཱ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་འབད་པས་བསྐྲུན་འདོད་ཡོད་ཅེས་གསུངས།
དབྱི་སཱ་ཡཱ་སི་ཡིས་བསྟན་དོན། ཨི་ལིས་ཐི་ལི་ཡཱ་ཕྱོགས་ཀྱིས་བློ་རྩ་བརྟན་པོས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་གཏེར་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་། ལག་རྡང་སྦྲེལ་ནས་གོ་ལ་ཧྲིལ་བོའི་འགྲན་སློང་ལ་ཁ་གཏད་མཇལ་ཏེ། ཨི་ལིས་ཐི་ལི་ཡཱ་དང་ཀྲུང་གོ། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་ཆུ་ཚད་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ལྷ་མོ་འཚོས་བསྒྱུར།