ཟླ9པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ནེ་ཀྲི་རི་ཡའི་ཙུང་ཐུང་ཐིས་ནའོ་པུའུ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ནེ་ཀྲི་རི་ཡའི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རུ་མཐོར་འདེགས་གཏོང་རྒྱུ་ཁྱབ་བསྒྲགས་མཛད།
ཟླ9པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ནེ་ཀྲི་རི་ཡའི་ཙུང་ཐུང་ཐིས་ནའོ་པུའུ་དང་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ནེ་ཀྲི་རི་ཡའི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རུ་མཐོར་འདེགས་གཏོང་རྒྱུ་ཁྱབ་བསྒྲགས་མཛད།
ཞི་ཅིན་ཕིང་གིས་བསྟན་དོན། ནེ་ཀྲི་རི་ཡ་ནི་ཤུགས་རྐྱེན་གལ་ཆེན་ལྡན་པའི་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། མི་གྲངས་ཀྱི་གཞི་ཁྱོན་དང་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ལྡན། འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་སོང་བའི་རིང་ལ། ཀྲུང་གོ་དང་ནེ་ཀྲི་རི་ཡ་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་བཀུར་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས། མཉམ་འབྲེལ་རང་སྟོབས་དང་མཉམ་ལས་མཉམ་རྒྱལ་གྱི་བགྲོད་ལམ་སྟེང་བསྐྱོད་ཡོད། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་གཉིས་ཀྱིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་སྒྲོམ་གཞིའི་ནང་དཔེ་སྟོན་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་མཉམ་ལས་ལས་གཞི་འབོར་ཆེན་མཉམ་དུ་ལག་བསྟར་བྱས། ཀྲུང་གོས་སྔར་ལས་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད་ལ། དེས་ཀྲུང་གོ་དང་ནེ་ཀྲི་རི་ཡའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་རྒྱུར་གོ་སྐབས་མང་པོ་བསྐྲུན་ངེས། ཕྱོགས་གཉིས་ཀྱིས་སྤུས་ཚད་མཐོ་བའི་མཉམ་ལས་ལ་བརྟེན་ནས་རང་སོ་སོའི་དེང་རབས་ཅན་མངོན་འགྱུར་བྱས་ཏེ། ཀྲུང་གོ་དང་ནེ་ཀྲི་རི་ཡའི་འབྲེལ་བ་འཕེལ་རྒྱས་གསར་པ་འབྱུང་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་འཐབ་ཇུས་ཐད་ཀྱི་ཡིད་ཆེས་མཐོ་རུ་བཏང་ནས། འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ཟུར་ཚད་ནས་ཕྱོགས་གཉིས་ཀྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་སྟེང་ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་དགོས། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་དགེ་མཚན་ཁ་གསབ་དང་གཉིས་ཕན་མཉམ་རྒྱལ་གྱི་དངོས་གཉེར་མཉམ་ལས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱས་ནས། རྨང་གཞིའི་སྒྲིག་བཀོད་དང་ནུས་ཁུངས་གཏེར་ཁ་དེ་ཐོན་ལས་དང་མཉམ་འགུལ་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། གཞི་གྲངས་དཔལ་འབྱོར་དང་ནུས་ཁུངས་གསར་པ་སོགས་ཀྱི་མཉམ་ལས་འཕར་གཞི་གསར་པ་གཏོད་དགོས། ནེ་ཀྲི་རི་ཡ་ཕྱོགས་ཀྱིས་ནེ་ཀྲི་རི་ཡ་རུ་ཡོད་པའི་ཀྲུང་གོའི་མི་སྣ་དང་ལས་གཞིའི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུའི་རེ་བ་ཡོད། མི་གཞུང་བརྗེ་རེས་ལ་ཤུགས་བསྣན་ནས་ཕན་ཚུན་གྱི་ངོས་འཛིན་ཆེ་རུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ནེ་ཀྲི་རི་ཡ་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་དང་ས་ཁུལ་བརྟན་ལྷིང་ལ་སྲུང་སྐྱོབ་བྱ་རྒྱུ་དང་། རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ནེ་ཀྲི་རི་ཡའི་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ཐད་ཤུགས་བསྣན་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱ་འདོད་ཡོད།
ཞི་ཅིན་ཕིང་གིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དེ་ཀྲུང་ཧྥེའི་ལས་དོན་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་ལམ་སྲོལ་ཞིག་ཡིན་པར་མ་ཟད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཀྱི་དར་ཆ་ཞིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་གླེང་སྟེགས་པེ་ཅིང་རྩེ་ཚོགས་གོ་སྐབས་སུ་བཟུང་ནས། ཀྲུང་ཧྥེའི་མཛའ་མཐུན་གྱི་ལོ་རྒྱུས་ཉམས་མྱོང་སྤྱི་བསྡོམས་བྱས་ཏེ། ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་སྐལ་གཅིག་མཐུན་ཚོགས་པ་སྒྲིག་འཛུགས་བྱེད་རྒྱུར་སྐུལ་འདེད་བཏང་ནས། དུས་རབས་གསར་པའི་ཀྲུང་ཧྥེའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་རྒྱུར་སྒུལ་ནུས་གསར་པ་སྩོལ་འདོད་ཡོད་ཅེས་གསུངས།
ཐིས་ནའོ་པུའུ་ཡིས་བསྟན་དོན། མཛེས་སྡུག་ལྡན་པའི་ཀྲུང་གོར་འཚམས་འདྲིར་ཡོང་བར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྤྲོ་སེམས་འཁོལ་བས་སྣེ་ལེན་བྱས་པར་བཀའ་དྲིན་ཞུ་རྒྱུ་ཡིན། ནེ་ཀྲི་རི་ཡ་དང་ཀྲུང་གོའི་འབྲེལ་བ་དུས་རབས་ཕྱེད་ཀ་ཙམ་རྒྱུན་མཐུད་བྱས་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱིས་ནེ་ཀྲི་རི་ཡའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་བཏང་ཡོད། ང་རང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་ཀྲི་རི་ཡ་དང་ཀྲུང་གོའི་འབྲེལ་བར་གདེང་འཇོག་གནང་བར་ཡོངས་སུ་འཐད་པ་ཡིན། ནེ་ཀྲི་རི་ཡར་ན་གཞོན་མི་གྲངས་ཆེན་པོ་དང་འཕེལ་རྒྱས་ཀྱི་སྦས་ཤུགས་ཆེན་པོ་ལྡན། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ལ་གྲུབ་འབྲས་རླབས་ཆེན་བླངས་པ་དང་། ནེ་ཀྲི་རི་ཡ་ཕྱོགས་ཀྱིས་ཀྱང་བཅོས་སྒྱུར་སྒོ་འབྱེད་ཁྱབ་གདལ་གཏོང་བཞིན་ཡོད། ནེ་ཀྲི་རི་ཡ་དང་ཀྲུང་གོས་དཔལ་འབྱོར་མཉམ་ལས་ཟབ་སྤེལ་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ནེ་ཀྲི་རི་ཡའི་མ་འོངས་པའི་འཕེལ་རྒྱས་ལ་མཚོན་ན་ཧ་ཅང་གལ་འགངས་ཆེ། ནེ་ཀྲི་རི་ཡའི་ཕྱོགས་ཀྱིས་ཀྲུང་གོ་ཧྥེ་གླིང་གི་ཉོ་ཚོང་དངུལ་གཏོང་མཉམ་ལས་གྲོགས་པོ་ཆེ་ཤོས་སུ་འགྱུར་རྒྱུར་རེ་བ་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ནེ་ཀྲི་རི་ཡར་ཡོང་ནས་དངུལ་གཏོང་བྱས་ཏེ་ཞིང་ལས་དང་བཟོ་སྐྲུན་ལས་རིགས། གཏེར་ཁའི་ནུས་ཁུངས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་ནས། ནེ་ཀྲི་རི་ཡ་དང་ནུབ་རྒྱུད་ཧྥེ་གླིང་གི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་རོགས་རམ་བྱེད་པ་དང་། དབུལ་ཕོངས་ལས་སྒྲོལ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པར་མ་ཟད། ནེ་ཀྲི་རི་ཡ་ཕྱོགས་ཀྱིས་དེར་བདེ་འཇགས་དང་ཆ་རྐྱེན་ལེགས་པོ་མཁོ་འདོན་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་ཀྲི་རི་ཡའི་ན་གཞོན་ཚོར་གསོ་སྦྱོང་གི་གོ་སྐབས་གལ་ཆེན་མཁོ་འདོན་བྱས་པར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མི་གཞུང་བརྗེ་རེས་གཏིང་ཟབ་བྱེད་འདོད་ཡོད། ནེ་ཀྲི་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུང་གོའི་ཕྱོགས་དང་མུ་མཐུད་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ནེ་ཀྲི་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་དམ་ཟབ་བྱས་ནས། ཐེངས་འདིའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལེགས་འགྲུབ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
གྲོས་མོལ་གྱི་རྗེས་སུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་འཆར་གཞི་དང་འཛམ་གླིང་འཕེལ་རྒྱས་གྲོས་འགོ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་འཕེལ་རྒྱས་དང་བྱང་སྐར་འཁོར་སྐར་ཕྱོགས་སྟོན་མ་ལག་བེད་སྤྱོད་བྱེད་པ། གསར་འགྱུར་སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱིས་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་གནང་།
ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནེ་ཀྲི་རི་ཡ་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཛུགས་རྒྱུ་དང་ཆུ་ཚད་མཐོ་བའི་ཀྲུང་ནེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།
གྲོས་མོལ་སྔོན་དུ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཐིས་ནའོ་པུའུ་ལ་དགའ་བསུའི་མཛད་སྒོ་བསྡུས།
ཝང་དབྱི་གོང་གི་བྱེད་སྒོར་ཞུགས།