ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་སུ་ཞུགས་པར་མ་ཟད་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་སེ་ནེ་ཀལ་གྱི་ཙུང་ཐུང་ཧྥ་ཡའེ་དང་གྲོས་མོལ་མཛད།
ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་སུ་ཞུགས་པར་མ་ཟད་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བའི་སེ་ནེ་ཀལ་གྱི་ཙུང་ཐུང་ཧྥ་ཡའེ་དང་གྲོས་མོལ་མཛད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་སེ་ནེ་ཀལ་གཉིས་ནི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་བྱུང་བའི་བགྲོད་ལམ་ཁྲོད་ཀྱི་གྲོགས་པོ་ཡིན། ལོ་ངོ་མང་པོའི་རིང་ལ། ཕྱོགས་གཉིས་ཀྱིས་ལྷག་བསམ་རྣམ་དག་གི་མཛའ་བརྩེ་དང་འདྲ་མཉམ་བརྩི་བཀུར། མཉམ་ལས་མཉམ་རྒྱལ་གྱི་དགོངས་དོན་རྒྱུན་འཁྱོངས་བྱས་ནས་མཉམ་ལས་བྱས་ཤིང་། ངེས་པ་དོན་གྱི་གྲུབ་འབྲས་བླངས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་ཕྱོགས་དང་མཉམ་དུ་རང་སོ་སོའི་དེང་རབས་ཅན་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་འདོད་ཡོད། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཞིང་ལས་ལག་རྩལ་ཆེད་མཁས་པ་མངགས་ནས། སེ་ནེ་ཀལ་གྱིས་བཟོ་ལས་གླིང་ཁུལ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་། ནུས་ཁུངས་གསར་པ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་པ། སེ་ནེ་ཀལ་ཕྱོགས་ཀྱི་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་རོགས་ཤུགས་འདོན་རྒྱུ་ཡིན། ཀྲུང་གོ་དང་སེ་ནེ་ཀལ་གཉིས་ཀྱི་རྒྱལ་སྤྱིའི་གལ་ཆེ་བའི་གནད་དོན་མང་པོའི་ཐད་ཀྱི་ལངས་ཕྱོགས་འདྲ་མཚུངས་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་དང་མཉམ་དུ་ཕྱོགས་མང་རོགས་ལས་དམ་ཟབ་བྱས་ཏེ། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱ་འདོད་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཐད་ཀྱི་གསེར་གྱི་སྒོ་བྱང་ལྟ་བུ་ཡིན་པ་དང་། རྒྱལ་སྤྱིས་ཧྥེ་གླིང་བར་མཉམ་ལས་བྱེད་པར་སྣེ་ཁྲིད་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་འཇོག་དགོས། ཀྲུང་གོ་དང་སེ་ནེ་ཀལ་གཉིས་ཀྱིས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ནས་ལོ་དྲུག་འགོར་བའི་རིང་ལ། ཀྲུང་ཧྥེ་ཕྱོགས་གཉིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་སོགས་ཀྱི་དཀའ་ཁག་གདོང་གིས་བསུས་པ་དང་། སྐབས་སྔོན་མ་གཉིས་ཀྱི་གླེང་སྟེགས་རྩེ་ཚོགས་སྟེང་བཏོན་པའི་འགུལ་སྐྱོད་ཆེན་པོ་བརྒྱད་དང་ལས་སྐྲུན་རྣམ་གྲངས་དགུ་བདེ་བླག་ངང་ལེགས་འགྲུབ་བྱས་ཤིང་། ཀྲུང་ཧྥེའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད། སེ་ནེ་ཀལ་ནི་སྐབས་བཞི་པའི་གླེང་སྟེགས་ཀྱི་ཧྥེ་གླིང་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་ཧྥེའི་མཐུན་སྒྲིལ་མཉམ་ལས་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་ཕྱོགས་དང་རོགས་ལས་དམ་ཟབ་བྱས་ཏེ། ཐེངས་འདིའི་རྩེ་ཚོགས་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་སྣེ་ཁྲིད་དང་། ལག་གདང་སྦྲེལ་ནས་ཀྲུང་ཧྥེའི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྥེ་འབྲེལ་བའི་འཐབ་ལམ་གསར་པ་གཏོད་འདོད་ཡོད།
ཧྥ་ཡའེ་ཡིས་བསྟན་དོན། ང་རང་ཐོག་དང་པོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་དུ་ཡོང་བར་མ་ཟད། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་སུ་ཞུགས་ཐུབ་པར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ཀྲུང་གོས་ལྷག་བསམ་རྣམ་དག་གིས་བསུ་མ་བྱས་པར་བཀའ་དྲིན་ཆེ། ང་ཚོས་ཀྲུང་གོའི་མཛེས་སྡུག་དང་མཛའ་བརྩེ་ཚོར་བྱུང་། སེ་ནེ་ཀལ་དང་ཀྲུང་གོ་གཉིས་བར2016ལོར་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱི་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ཡོད། སེ་ཀྲུང་མཉམ་ལས་ཀྱིས་ལེགས་འགྲུབ་བྱུང་བའི་རྣམ་གྲངས་མང་པོ་ལག་བསྟར་བྱས་ཏེ། སེ་ནེ་ཀལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་སྒྱུར་བྱེད་པའི་ཐད་སྐུལ་འདེད་བཏང་ཡོད། སེ་ནེ་ཀལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཆབ་སྲིད་ཅན་ཏུ་འགྱུར་བར་ངོ་རྒོལ་བྱ་རྒྱུ་ཡིན་ལ། ཀྲུང་གོ་དང་མཉམ་དུ་སེ་ཀྲུང་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་ཕྱོགས་ཀྱི་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་ལ་སློབ་སྦྱོང་བྱེད་འདོད་ཡོད་པར་མ་ཟད། ཞིང་ལས་དང་བཟོ་ལས། གྲངས་འཛིན་ཅན། ལས་རིགས་གསོ་སྦྱོང་། ན་གཞོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། སེ་ཀྲུང་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཆུ་ཚད་སྔར་ལས་མཐོན་པོ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་བཙུགས་པ་དང་འཕེལ་རྒྱས་བྱུང་བ་དེ་མཛའ་བརྩེ་ཡིད་རྟོན་དང་ཕན་ཚུན་བརྩི་བཀུར། མཐུན་སྒྲིལ་མཉམ་ལས། དངོས་གཉེར་ནུས་མཐོ་བཅས་ལ་རག་ལས་ཡོད་པས། ཧྥེ་གླིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་གལ་ཆེན་འཇོག་དགོས། སེ་ནེ་ཀལ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རོགས་ལས་དམ་ཟབ་བྱས་ཏེ། ཐེངས་འདིའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱ་འདོད་ཡོད། སེ་ནེ་ཀལ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ། འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་འགོ། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་འགོ་བཅས་ལ་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐུན་མོང་འཕེལ་རྒྱས་དང་འདྲ་མཉམ་དྲང་གཞག་ལ་སྐུལ་འདེད་བཏང་བར་བསྟོད་བསྔགས་བྱ་རྒྱུ་ཡིན་ཞིང་། ཀྲུང་གོ་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་རོགས་ལས་ལ་ཤུགས་སྣོན་འདོད་ཡོད།
གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་འགོ་དང་། དཔལ་འབྱོར་དངུལ་གཏོང་མཉམ་ལས། ཆ་འཕྲིན་བརྡ་གཏོང་ལག་རྩལ། མི་ཤུགས་ཐོན་ཁུངས། ལྷད་མེད་འཕེལ་རྒྱས་སོགས་ཀྱི་ཁྱབ་ཁོངས་བཅས་ཕྱོགས་མང་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་གནང་།
ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སེ་ནེ་ཀལ་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་ཀྲུང་སེ་རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ།
གྲོས་མོལ་གྱི་སྔོན་དུ། ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་ཧྥ་ཡའེ་དང་ལྕམ་མོ་མཱ་ལིས་གཉིས་ལ་དགའ་བསུའི་མཛད་སྒོ་བསྡུས།
ཝང་དབྱི་གོང་གི་བྱེད་སྒོར་ཞུགས།