ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་སི་ར་ལེ་ཨང་གི་ཙུང་ཐུང་པིས་ཨོ་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་སི་ར་ལེ་ཨང་གི་ཙུང་ཐུང་པིས་ཨོ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ནི་ཀྲུང་ཧྥེ་མི་དམངས་ཀྱིས་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་བྱས་ཏེ། ཀྲུང་གོ་དང་ཧྥེ་གླིང་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་ལམ་ལུགས་སུ་གྱུར་པར་མ་ཟད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་དར་ཆ་ཞིག་ཏུ་གྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མ་ལག་ལྡན་པའི་བཀོད་སྒྲིག་བྱས་པས། ཧྥེ་གླིང་རྒྱལ་ཁབ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོར་གོ་སྐབས་མང་པོ་བསྐྲུན་རྒྱུ་རེད། ཕྱོགས་གཉིས་ཀའི་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས། ཐེངས་འདིའི་རྩེ་ཚོགས་ཀྱིས་ཧྥེ་གླིང་གི་རྒྱལ་ཁབ་སོ་སོའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྥེ་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་པ་འཇོག་པར་ཡིད་ཆེས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་སི་ར་ལེ་ཨང་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཀྱི་ལངས་ཕྱོགས་མཐའ་གཅིག་ཏུ་གཅིག་མཚུངས་ཡིན་པ་དང་། ཀྲུང་གོས་སི་ར་ལེ་ཨང་དང་མཉམ་དུ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་བྱ་འདོད་ཡོད་ལ། འཕེལ་རྒྱས་འཐབ་ཇུས་མཐུད་སྦྲེལ་ལ་ཤུགས་སྣོན་པ་དང་། ཞིང་ལས་དང་རྨང་གཞིའི་སྒྲིག་བཀོད། ཐོན་ཁུངས་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་མོ་བྱེད་པ། དཔལ་འབྱོར་དང་དམངས་ཚིས་ལས་གཞི་ལེགས་པོར་སྒྲུབ་ནས་དམངས་ཡོངས་ཀྱི་བདེ་སྐྱིད་མུ་མཐུད་དུ་མཐོར་འདེགས་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལེ་ཨང་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་སྣེ་མང་སྒྲོམ་གཞིའི་འོག་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ་དང་། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་གྱི་གྲོས་འགོ་བཏོན་ནས། ཧྥེ་གླིང་དང་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་མཉམ་དུ་སྲུང་སྐྱོབ་བྱ་འདོད་ཡོད།
པིས་ཨོ་ཡིས་ཀྲུང་གོས་ལྷག་བསམ་ཟོལ་མེད་ཀྱིས་སྣེ་ལེན་བྱས་པར་བཀའ་དྲིན་ཆེ་ཞུས་པ་དང་། སི་ར་ལེ་ཨང་གི་འཐུས་ཚབ་ཚོགས་པར་རང་ཁྱིམ་དུ་ལོག་པའི་ཚོར་བ་བསྐྲུན་ཏེ། ཐེངས་འདིའི་ཀྲུང་ཧྥེ་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་རེ་སྒུག་བྱེད་ཀྱིན་ཡོད། པིས་ཨོ་ཡིས་བསྟན་དོན། སི་ར་ལེ་ཨང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་བཟང་། ངས་ཐེངས་སྔོན་མར་ཀྲུང་གོར་འཚམས་འདྲི་བྱས་པའི་ཚུན་ལ། ཕྱོགས་གཉིས་ཀའི་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལེ་ཨང་གི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་དང་། ཞིང་ལས་དང་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་འགྲོ་བར་རེ་སྒུག་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་ཧྲིལ་པོའི་གྲོས་འགོ་གལ་ཆེན་རབ་དང་རིམ་པ་བཏོན་ནས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་པ་དང་། ཁྱད་དུ་འཕགས་པའི་གཙོ་འཛིན་གྱི་ཉམས་འགྱུར་མངོན་པར་སི་ར་ལེ་ཨང་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ར་ལེ་ཨང་གིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁྲི་སྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། སི་ར་ལེ་ཨང་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་ཀྲུང་གོའི་བློ་གཏད་ཆོག་པའི་གྲོགས་པོ་བྱེད་འདོད་ཡོད་ཟེར།
ཝང་དབྱི་མཇལ་འཕྲད་ལ་ཞུགས།