ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཐིག་དམར་ཀེའུ་ནེ་ཡའི་ཙུང་ཐུང་ཨོ་པིས་ཨང་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཐིག་དམར་ཀེའུ་ནེ་ཡའི་ཙུང་ཐུང་ཨོ་པིས་ཨང་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཐིག་དམར་ཀེའུ་ནེ་ཡ་ནི་གྲོགས་པོ་བཟང་པོ་ཡིན། ཆབ་སྲིད་ཐད་ཚད་མཐོ་བའི་ཡིད་རྟོན་དང་ཕྱོགས་ཡོངས་ཀྱི་དངོས་གཉེར་མཉམ་ལས། མི་དམངས་ཀྱི་མཛའ་འབྲེལ་ཟབ་མོ་བཅས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྱད་ཆོས་གཙོ་བོ་ཡིན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ་སྤེལ་བཏང་བ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་ལེགས་པོ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀེའུ་ནེ་ཡ་དང་ཕན་ཚུན་རྒྱབ་སྐྱོར་རྒྱུན་འཁྱོངས་དང་། དངོས་གཉེར་གྱི་མཉམ་ལས་སྤེལ་བ། འགོག་སྲུང་བདེ་འཇགས་མཉམ་ལས་ཟབ་སྤེལ་བྱས་ནས། ཐིག་དམར་ཀེའུ་ནེ་ཡའི་དཔལ་འབྱོར་སྣེ་མང་ཅན་འཕེལ་རྒྱས་ལ་གཞོགས་འདེགས་དང་། རང་རྒྱལ་ཁབ་སོ་སོའི་དེང་རབས་ཅན་སྐུལ་འདེད་ཀྱི་བགྲོད་ལམ་སྟེང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ། ཀྲུང་གོ་དང་ཐིག་དམར་ཀེའུ་ནེ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་མདུན་ལྗོངས་གསར་བ་བསྐྲུན་འདོད།
ཞི་ཅིན་ཕིང་གིས་ཐིག་དམར་ཀེའུ་ནེ་ཡས2027ལོ་ནས2030ལོའི་བར་གྱི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྒྱུ་ཡིན་པར་རྟེན་འབྲེལ་ཞུས་ཤིང་། ཐེངས་འདིའི་པེ་ཅིང་རྩེ་ཚོགས་ཀྱིས་དུས་རབས་གསར་པའི་ཀྲུང་ཧྥེ་མཉམ་ལས་ལ་འཆར་གཞི་གསར་པ་བཟོ་བར་ཧུར་བརྩོན་བྱེད་པ་ནི་ཀྲུང་ཧྥེ་འབྲེལ་བའི་ལོ་རྒྱུས་སྟེང་གི་རྡོ་རིང་གསར་པ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀེའུ་ནེ་ཡ་དང་མཐུན་སྦྱོར་གང་ལེགས་བྱས་ཏེ། རྩེ་ཚོགས་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱས་ནས་ཀྲུང་ཧྥེའི་འབྲེལ་བ་བསྟུད་མར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ཨོ་པིས་ཨང་གིས་བསྟན་དོན། ང་རང་པེ་ཅིང་དུ་འབྱོར་བ་ནས་ཀྲུང་གོའི་མི་དམངས་ཀྱིས་ཐིག་དམར་ཀེའུ་ནེ་ཡ་དང་ཧྥེ་གླིང་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་ཚོར་བྱུང་། ཐེངས་འདིའི་རྩེ་ཚོགས་ཀྱི་བྱ་བར་ཞིབ་ཚགས་ལྡན་ཞིང་། བརྗོད་དོན་འཆར་འགོད་བྱས་པ་ཧྥེ་གླིང་རྒྱལ་ཁབ་ཀྱིས་འཚོལ་བཞིན་པའི་དེང་རབས་ཅན་གྱི་ཕུགས་འདུན་དང་འཚམ་པས། བདེ་བླག་ངང་ལེགས་འགྲུབ་ཡོང་བར་ཡིད་ཆེས་ཡོད། ཐིག་དམར་ཀེའུ་ནེ་ཡ་དང་ཀྲུང་གོའི་བར་གྱི་འབྲེལ་བ་དེ་མཛའ་གྲོགས་ཟབ་མོ་དང་ཚད་མཐོའི་ཕན་ཚུན་ཡིད་ཆེས་ལ་བརྟེན་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད་ལ། རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་དམ་ཟབ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོའི་ཁེ་ལས་ཀྱི་དངུལ་གཏོང་དང་མཉམ་ལས་ཀྱིས་ཐིག་དམར་ཀུའེ་ནེ་ཡའི་རྣམ་པ་གསར་རྐྱང་དུ་འགྱུར་བར་རོགས་རམ་བྱས་པ་དང་། ཀྲུང་གོས་འཛམ་གླིང་ཞི་བདེ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཐིག་དམར་ཀེའུ་ནེ་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བ་དང་ཕྱོགས་མང་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཐིག་དམར་ཀུའེ་ནེ་ཡས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་མོ་བྱེད་པ་དང་། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱ་ཆེད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན།
ཝང་དབྱི་མཇལ་འཕྲད་ལ་ཞུགས།