ཞི་ཅིན་ཕིང་གིས་མོ་རི་ཐ་ནི་ཡའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2024.09.04 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 4

ཟླ9པའི་ཚེས3ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་མོ་རི་ཐ་ནི་ཡའི་ཙུང་ཐུང་ཅ་ཚི་ཝ་ཉི་ལ་མཇལ་འཕྲད་གནང་།  རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་མོ་རི་ཐ་ནི་ཡའི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རུ་མཐོར་འདེགས་གཏོང་རྒྱུ་ཁྱབ་བསྒྲགས་མཛད།

ཟླ9པའི་ཚེས3ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཕེབས་པའི་མོ་རི་ཐ་ནི་ཡའི་ཙུང་ཐུང་ཅ་ཚི་ཝ་ཉི་ལ་མཇལ་འཕྲད་གནང་།  རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་མོ་རི་ཐ་ནི་ཡའི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རུ་མཐོར་འདེགས་གཏོང་རྒྱུ་ཁྱབ་བསྒྲགས་མཛད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་མོ་རི་ཐ་ནི་ཡ་རྒྱལ་ཁབ་གཉིས་ནི་ཕན་ཚུན་ཡིད་རྟོན་རུང་བའི་གྲོགས་པོ་ཡིན་ལ། ཕན་ཚུན་ལ་རོགས་འདེགས་བྱེད་པའི་སྤུན་ཟླ་ཡིན། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་འདྲ་མཉམ་དང་བརྩི་འཇོག་བྱེད་པ་དང་། ཆབ་སྲིད་ཀྱི་ཡིད་ཆེས་བརྟན་ལ། མཉམ་ལས་གྲུབ་འབྲས་ཕུན་སུམ་ཚོགས་པ་དང་། མི་དམངས་བར་དུ་མཛའ་མཐུན་འབྲེལ་བ་ཟབ་མོ་ཆགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ནི་ཡ་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ནས་ཀྲུང་གོ་ཕྱོགས་སུ་བརྟན་པོར་ལངས་པར་བསྟོད་བསྔགས་བྱེད་བཞིན་ཡོད་ལ། སྔར་བཞིན་དུ་མོ་རི་ཐ་ནི་ཡ་ཕྱོགས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐ་ནི་ཡ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཉ་ལས་དང་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མོ་རི་ཐ་ནི་ཡ་ཕྱོགས་ཀྱི་ཞིང་ལས་དང་ཕྱུགས་ལས་ལག་རྩལ་ལ་རོགས་སྐྱོར་བྱེད་པའི་དཔེ་སྟོན་ལྟེ་གནས་ཀྱི་བྱེད་ནུས་འདོན་པ། སྲིན་རྩྭ་འདེབས་འཛུགས་ལག་རྩལ་གྱི་མཉམ་ལས་ཇེ་མགྱོགས་སུ་བཏང་ནས། ཀྲུང་གོ་དང་མོ་རི་ཐ་ནི་ཡའི་འབྲེལ་བ་དེ་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་མཛའ་འབྲེལ་དང་མཉམ་ལས་མཉམ་རྒྱལ་གྱི་དཔེ་མཚོན་དུ་གཏོང་འདོད་ཡོད། 

ཞི་ཅིན་ཕིང་གིས་ཅ་ཚི་ཝ་ཉི་ཧྥེ་གླིང་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་ཡིན་པའི་ཆ་ནས། ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་གྲ་སྒྲིག་བྱེད་པར་ཧུར་ཐག་གིས་བྱས་རྗེས་བཞག་པར་བསྟོད་བསྔགས་མཛད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་མོ་རི་ཐི་ནི་ཡ་ཕྱོགས་དང་མཐུན་སྦྱོར་མཉམ་ལས་བྱེད་པ་དང་། ཐེངས་འདིའི་རྩེ་ཚོགས་གོ་སྐབས་སུ་བཟུང་ནས། ཀྲུང་ཧྥེ་མི་དམངས་ཀྱི་སྟོབས་ཤུགས་མཉམ་བསྡུ་བྱས་ཏེ། ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་དང་། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་ཁྲོད་ཀྱི་སྐད་ཆ་བཤད་དབང་དང་འཐུས་ཚབ་རང་བཞིན་མཐོར་འདེགས་སུ་བཏང་སྟེ། མཉམ་དུ་རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱ་འདོད་ཡོད།

ཅ་ཚི་ཝ་ཉི་ཡིས་བསྟན་དོན། མོ་རི་ཐ་ནི་ཡ་དང་ཀྲུང་གོའི་མཛའ་མཐུན་འབྲེལ་བ་བརྟན་པོ་ཡིན་ཞིང་། མོ་རི་ཐི་ནི་ཡ་ཕྱོགས་ཀྱིས་ཀྲུང་གོའི་མཛའ་འབྲེལ་དེ་གཟི་བརྗིད་དུ་བརྩིས་ཡོད། ཀྲུང་གོའི་ཕྱོགས་ཀྱིས་མོ་རི་ཐ་ནི་ཡའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་པྲོག་གསར་རིམས་ནད་སྔོན་འགོག་ཐད་རྒྱབ་སྐྱོར་གལ་ཆེན་གནང་བར་བཀའ་དྲིན་ཞུ་རྒྱུ་ཡིན།  མོ་རི་ཐི་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་ལས་འགལ་བའི་གཏམ་སྦྱོར་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། མིག་སྔར་འཛམ་གླིང་འདི་ཉིད་ཉེན་ཁ་དང་འགྲན་སློང་མང་པོར་འཕྲད་ཡོད། ཀྲུང་གོའི་བར་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་མོ་རི་ཐ་ནི་ཡ་སོགས་རྒྱལ་ཁབ་ཀྱི་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་བའི་རེ་བ་ཡིན། ཕ་ལེ་སི་ཐན་སོགས་གནད་དོན་གལ་ཆེན་ཐད་མོ་རི་ཐ་ནི་ཡ་དང་ཀྲུང་གོའི་ལངས་ཕྱོགས་ཚད་མཐོའི་གཅིག་མཐུན་ཡིན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་ཁབ་ཁག་གི་རང་བཙན་རང་བདག་ལ་བརྩི་འཇོག་བྱེད་དགོས་པའི་རེ་འབོད་བྱེད་པ། དྲག་ཤུགས་ཐལ་སྤྱོད་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ། འཛམ་གླིང་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་བཏོན་པ་དེས་རྒྱལ་ཁབ་ཁག་ལ་ཐུན་མོང་བདེ་འཇགས་དང་འཕེལ་རྒྱས་ཡོང་བར་ཇུས་གཞི་མཁོ་འདོན་བྱས་ཡོད། མོ་རི་ཐི་ནི་ཡ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ཏེ་ད་ཐེངས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་། ཨ་ཧྥེ་རི་ཁ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རེ་སྒུག་བྱེད་བཞིན་ཡོད་ཟེར། 

ཝང་དབྱི་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།