ཟླ9པའི་ཚེས4ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་མོ་ཙམ་པི་ཁེ་ཡི་ཙུང་ཐུང་ཉིའུ་ཞི་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས4ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་མོ་ཙམ་པི་ཁེ་ཡི་ཙུང་ཐུང་ཉིའུ་ཞི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མོ་ཙམ་པི་ཁེ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐྱིད་སྡུག་མཉམ་མྱོང་བྱས་པ་ཡིན། ཉེ་བའི་ལོ་འགའི་རིང་ལ། ང་ཚོས་ཐེངས་མང་པོར་གྲོས་མོལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་བར་སྣེ་ཁྲིད་བྱས་པས། གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། ཀྲུང་གོ་དང་མོ་ཙམ་པི་ཁེའི་འབྲེལ་བ་མདུན་ལམ་ཆེན་པོ་ཡོད་པའི་དུས་སྐབས་གསར་བར་ཞུགས། སང་ལོ་ནི་ཀྲུང་གོ་དང་མོ་ཙམ་པི་ཁེ་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་ལོ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་འཐབ་བྱས་ནས། སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་གཏོང་བ་དང་། གཉིས་ཕན་མཉམ་ལས་ཇེ་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་མོ་ཙམ་པི་ཁེའི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཐད་ནང་དོན་གསར་བ་སྣོན་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་འཐུས་ཚང་བྱས་པ་དང་། ཀྲུང་གོའི་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་ཆད་མེད་པར་རྒྱ་སྐྱེད་པའི་ཆོད་སེམས་མངོན་ནས། ཀྲུང་གོ་དང་མོ་ཙམ་པི་ཁེ་ཡིས་མཉམ་དུ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་གོ་སྐབས་གསར་བ་འདོན་སྤྲོད་བྱས། ཕྱོགས་གཉིས་ཀ་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་ཡིད་ཆེས་ཡོད་པའི་སྤུན་ཟླ་བཟང་བོ་དང་། གཉིས་ཕན་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ཀྱི་ཟླ་གྲོགས་བཟང་བོ། སོ་སྲུང་རོགས་རེས་དང་མཐུན་སྒྲིལ་རོགས་ལས་ཀྱི་གྲོགས་པོ་བཟང་བོ་བྱེད་དགོས། ཀྲུང་གོས་མོ་ཙམ་པི་ཁེ་བར་གྱི་རྨང་གཞི་སྒྲིག་ཆས་དང་ནུས་ཁུངས་གཏེར་ཐོན། ཞིང་ལས་དང་གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་དེ། མོ་ཙམ་པི་ཁེ་ཡི་བཟོ་ལས་ཅན་དང་དཔལ་འབྱོར་སྣ་མང་ཅན་དུ་བསྒྱུར་བར་རམ་འདེགས་བྱེད་འདོད་ཡོད། མོ་ཙམ་པི་ཁེ་ཡིས་ཐེངས་འདིའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་བཀོལ་སྤྱོད་བཟང་བོ་བྱེད་པར་དགའ་བསུ་བྱེད་པ་དང་། ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་དང་དངུལ་གཏོང་མཉམ་ལས་རྒྱ་སྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་གྱི་རྒྱུན་སྐྱོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་མོ་ཙམ་པི་ཁེ་ཡིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བྱེད་པ་དང་རྒྱལ་ཁབ་ཀྱི་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། མོ་ཙམ་པི་ཁེའི་བར་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྟེགས་བུ་ནས་མཉམ་ལས་དམ་ཟབ་སྤེལ་འདོད་ཡོད་ཟེར།
ཉིའུ་ཞི་ཡིས་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གི་བཅོས་བསྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱེད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཐོང་རྒྱ་ཆེན་པོ་མངོན་པར་བྱས་ཡོད། མོ་ཙམ་པི་ཁེ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་པ་དང་། ཀྲུང་གོས་ཐེ་ཝན་དང་ལྷོ་ཕྱོགས་རྒྱ་མཚོ་སོགས་ཀྱི་ཁེ་ཕན་གཙོ་བོའི་གནད་དོན་སྟེང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པ། ཀྲུང་གོའི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་པ་དང་། མི་དབང་སོགས་ཀྱི་གནད་དོན་སྟེང་ཀྲུང་གོར་སྐྱོན་འཛུགས་བྱེད་པར་ངོ་རྒོལ་བྱེད་ཀྱིན་ཡོད། ཀྲུང་གོའི་བར་གྱི་དཔལ་འབྱོར་ཉོ་ཚོང་དང་ཞིང་ལས། མཉམ་འབྲེལ་མཉམ་མཐུད། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུའི་རེ་བ་ཡོད། མོ་ཙམ་པི་ཁེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་བོའི་གྲོས་འགོ་རབ་དང་རིམ་པ་དང་འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་ལེགས་བསྒྱུར་བྱེད་ཆེད་བཏོན་པའི་བཞེད་ཚུལ་གལ་ཆེན་ལ་བསྔགས་བརྗོད་ཆེན་པོ་བྱས་པ་དང་། ཀྲུང་གོའི་བར་དུ་ཕྱོགས་མང་གྲོས་གཞིའི་སྟེང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ནས། སྔར་ལས་འདྲ་མཉམ་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་འཛུགས་པར་སྐུལ་འདེད་གཏོང་འདོད་ཡོད། ཐེངས་འདིའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་བདེ་བླག་ངང་ལེགས་འགྲུབ་བྱུང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཟེར།
རྩེ་ཚོགས་སྐབས་སུ། ཀྲུང་གོ་དང་མོ་ཙམ་པི་ཁེ་གཉིས་ཀྱིས་སྲན་མ་སོགས་ཀྲུང་གོར་ནང་འདྲེན་བྱེད་པ་དང་གསར་འགྱུར་སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོ་བཀོད།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།