ཟླ9པའི་ཚེས4ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པ་མ་ཟད་ཀྲུང་གོར་འཚམས་འདྲི་བྱེད་པར་ཡོང་བའི་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས4ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པ་མ་ཟད་ཀྲུང་གོར་འཚམས་འདྲི་བྱེད་པར་ཡོང་བའི་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཙེ་ཨོ་ཕི་ཡ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རང་བཙན་བཅིངས་འགྲོལ་དང་རང་བདག་འཕེལ་རྒྱས་བརྩོན་ལེན་བྱེད་པའི་མིག་དཔེ་ཡིན་ལ། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་འབྲེལ་བ་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་མཉམ་ལས་ཀྱི་མིག་དཔེར་གྱུར་ཡོད། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་གྱི་རྨང་གཞི་བརྟན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཆུ་ཚད་སྔར་ལས་ཇེ་མཐོར་སོང་། ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡའི་བར་གྱི་མཐུན་སྒྲིལ་མཉམ་ལས་རྒྱུན་མཐུད་ངང་ཇེ་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་དུས་ངེས་མེད་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་མདུན་དུ་གོང་འཕེལ་གཏོང་བར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་མཐུན་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དུས་ཡུན་རིང་བོའི་ཚུན་དུ། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡ་རྒྱལ་ཁབ་གཉིས་ཀྱིས་རང་སོ་སོའི་ཁེ་ཕན་གཙོ་བོར་སྲུང་སྐྱོང་བྱེད་པའི་ཐད་ནས་ཕན་ཚུན་ལ་ནམ་ཡང་རྒྱབ་སྐྱོར་བྱས་པ་དང་། ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱས་ནས། སྲ་བརྟན་འགྱུར་མེད་ཀྱི་མཛའ་བརྩེ་ཆགས་པར་བྱས། ཕྱོགས་གཉིས་ཀ་ཕན་ཚུན་ཡིད་རྟོན་དང་ཐུན་མོང་འཕེལ་རྒྱས། མཐུན་སྒྲིལ་རོགས་རེས། དཔལ་ཡོན་དཔེ་ལྟ་ཡི་གྲོགས་པོ་བཟང་བོ་བྱེད་པ་དང་། ཆུ་ཚད་མཐོ་བའི་ཆབ་སྲིད་ཡིད་རྟོན་གྱིས་ཕྱོགས་གཉིས་མཉམ་ལས་ཀྱི་འཐབ་ཇུས་རང་བཞིན་དང་སྣེ་ཁྲིད་རང་བཞིན་ཇེ་མཐོར་གཏོང་དགོས། ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡའི་དམག་འཁྲུག་རྗེས་ཀྱི་བསྐྱར་འཛུགས་དང་འཕེལ་རྒྱས་དར་སྤེལ་ལ་རྒྱབ་སྐྱོར་བྱེད་པ་དང་། ཐེངས་འདིའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་རྩེ་ཚོགས་གོ་སྐབས་སུ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དངོས་གཉེར་མཉམ་ལས་རྒྱ་སྐྱེད་པ་དང་། ཨེ་ཙེ་ཨོ་ཕི་ཡས་ས་ཁུལ་གྱི་འགྲིམ་འགྲུལ་ལྟེ་གནས་ཀྱི་དགེ་མཚན་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ལས་མཉམ་འབྲེལ་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བཏང་སྟེ། ཨ་ཧྥེ་རི་ཁའི་ཤར་རྒྱུད་ས་ཁུལ་གྱི་ལྕགས་ལམ་དང་མཚོ་ལམ་མཉམ་འབྲེལ་སྐྱེལ་འདྲེན་དྲ་རྒྱ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་ལས་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་འདོད་ཡོད། ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡ་བར་གྱི་ས་ཁུལ་རིམ་ངོས་དང་མཉམ་འབྲེལ་རྒྱལ་ཚོགས། གསེར་གྱོམ་སོགས་སྒྲོམ་གཞིའི་ནང་གི་བརྗེ་རེས་རོགས་ལས་ལ་ཤུགས་སྣོན་པ་དང་། ཨ་ཧྥེ་རི་ཁའི་གླིང་ཟུར་གྱི་ཞི་བདེ་འཕེལ་རྒྱས་ཀྱི་བསམ་བཀོད་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་མཉམ་དུ་སྲུང་སྐྱོང་བྱེད་འདོད་ཡོད། ཨེ་ཙེ་ཨོ་ཕི་ཡ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་ཐུན་མོང་ཀྲུའུ་ཞི་རྒྱལ་ཁབ་དང་པོ་ཡིན་པ་དང་། ཐོག་མཐའ་བར་གསུམ་དུ་གླེང་སྟེགས་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡ་དང་མཉམ་དུ། ཐེངས་འདིའི་རྩེ་ཚོགས་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད།
ཨ་པིས་ཀྱིས་བསྟན་དོན། ཡང་བསྐྱར་ཀྲུང་གོར་འཚམས་འདྲི་བྱས་ཐུབ་པ་མ་ཟད་ཀྲུང་གོ་དང་ལྷག་པར་དུ་པེ་ཅིང་གི་ལོ་རྒྱུས་དང་དེང་རབས་ཅན་མཉམ་འདྲེས་ལ་མྱོང་ཚོར་བྱས་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པ་དང་། ཨེ་ཙེ་ཨོ་ཕི་ཡའི་གྲོང་ཁྱེར་དང་དེང་རབས་ཅན་འཛུགས་སྐྲུན་ཐད་དཔེ་ལྟའི་དོན་སྙིང་ལྡན། ཀྲུང་གོའི་ཨེ་ཙེ་ཨོ་ཕི་ཡའི་སྲིད་ཇུས་ཀྱིས་འདྲ་མཉམ་དང་ཕན་ཚུན་བརྩི་བཀུར་བྱེད་པ་མཚོན་ཐུབ་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་ནི་གཉིས་ཕན་མཉམ་རྒྱལ་གྱི་འབྲེལ་བ་ཡིན། ཀྲུང་གོའི་ཁེ་ལས་དངུལ་གཏོང་དང་མཉམ་ལས་ཀྱིས་ཨེ་ཙེ་ཨོ་ཕི་ཡའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། ཨེ་ཙེ་ཨོ་ཕི་ཡ་དང་ཀྲུང་གོས་མུ་མཐུད་དུ་ཕན་ཚུན་ལ་རྒྱབ་སྐྱོར་བརྟན་པོ་བྱེད་པ་དང་། ཐེངས་འདིའི་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་གོ་སྐབས་སུ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་རྨང་གཞི་སྒྲིག་ཆས། བཟོ་ལས། མཉམ་འབྲེལ་མཉམ་མཐུད། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཨེ་ཙེ་ཨོ་ཕི་ཡས་གཏན་འཇགས་དང་འཕེལ་རྒྱས་མངོན་འགྱུར་བྱེད་པར་རམ་འདེགས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དུས་ངེས་མེད་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ཐད་ནས་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཨེ་ཙེ་ཨོ་ཕི་ཡས་ཀྲུང་གོའི་བར་དུ་རྒྱལ་སྤྱིའི་ཕྱོགས་མང་ལས་དོན་ཁྲོད་བརྗེ་རེས་རོགས་ལས་དམ་ཟབ་སྤེལ་འདོད་ཡོད་ཟེར།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
རིན་ཆེན་མཚོས་བསྒྱུར།