ཟླ9པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཙན་པི་ཡའི་ཙུང་ཐུང་ཞི་ཆི་ལའེ་མཱ་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེ་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཙན་པི་ཡའི་ཙུང་ཐུང་ཞི་ཆི་ལའེ་མཱ་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཙན་པི་ཡའི་བར་འབྲེལ་བ་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་ལོ་ཡིན། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་རྒན་རབས་ཚོས་དངོས་སུ་བསྐྲུན་པའི་ཀྲུང་གོ་དང་ཙན་པི་ཡའི་བར་གྱི་མཛའ་བརྩེ་དེ་ལོ་ཟླའི་འགྱུར་ལྡོག་བརྒྱུད་ཀྱང་སྔར་བཞིན་དུ་བརྟན་པར་མ་ཟད། གསོན་ཤུགས་ཆེན་པོ་མངོན་ཡོང་། ན་ནིང་ང་ཚོས་མཉམ་དུ་ཀྲུང་གོ་དང་ཙན་པི་ཡའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐས་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་རུ་མཐོར་འདེགས་བྱས་པ་ཁྱབ་བསྒྲགས་བྱས། ལོ་ངོ་གཅིག་གི་རིང་ལ། རྒྱལ་ཁབ་གཉིས་བར་གྱི་ཕན་ཚུན་ཡིད་རྟོན་རྒྱུན་མཐུད་ངང་ཇེ་མཐོར་སོང་བ་དང་། གཉིས་ཕན་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་ལ། ཀྲུང་གོ་དང་ཙན་པི་ཡའི་དཔལ་འབྱོར་ཉོ་ཚོང་དང་། རིག་གནས་ཡུལ་སྐོར་ལོའི་བྱ་འགུལ་ཧ་ཅང་ཕུན་སུམ་ཚོགས། ཕྱོགས་གཉིས་ཀྱིས་ཐེངས་འདིའི་རྩེ་ཚོགས་གོ་སྐབས་སུ་བྱས་ནས། མཉམ་དུ་རང་སོ་སོའི་རྒྱལ་ཁབ་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཙན་པི་ཡའི་མཛའ་མཐུན་འབྲེལ་བའི་ལོ་དྲུག་ཅུ་གསར་པ་ཞིག་གི་འགོ་བཟང་བོ་རྩོམ་པ་དང་ལེའུ་གསར་པ་འབྲི་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རིམ་པ་སོ་སོའི་འགྲོ་འོང་དམ་ཟབ་ཏུ་གཏོང་བ་དང་། བརྗེ་རེས་དཔེ་ལྟར་ཤུགས་སྣོན་པ། ཆབ་སྲིད་ཀྱི་ཡིད་རྟོན་ཇེ་ཟབ་ཏུ་གཏོང་བ། ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱེད་པ། དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་སྤྱིའི་རོགས་ལས་ལ་ཤུགས་སྣོན་དགོས། ཀྲུང་གོས་ཙན་པི་ཡས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་པར་བསྟོད་པ་བྱེད་པ་དང་། ཁེ་ལས་སྔར་ལས་མང་པོ་ཙན་པི་ཡའི་ནུས་ཁུངས་གསར་པ་དང་ཆུའི་ཐོན་ཁུངས་གསར་སྤེལ། གློག་ཤུགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཁྲོད་ཞུགས་པར་སྐུལ་འདེད་བཏང་ནས། ཙན་པི་ཡ་དང་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་དང་དེང་རབས་ཅན་གྱི་བརྒྱུད་རིམ་ཐད་རམ་འདེགས་བྱེད་འདོད་ཡོད། ཙན་པི་ཡས2000ལོར་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་འཛུགས་སྐབས་ནུས་པ་གལ་ཆེན་འདོན་སྤེལ་བྱས། ཀྲུང་གོས་ཙན་པི་ཡ་དང་བཅས་པའི་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ། ཐེངས་འདིའི་གླེང་སྟེགས་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཙན་པི་ཡ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་ཐད་སྒུལ་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།
ཞི་ཆི་ལའེ་མཱ་ཡིས་བསྟན་དོན། ངས་ཐེངས་འདིར་ཀྲུང་གོར་འཚམས་འདྲི་བྱེད་སྐབས་ཚང་མས་སྤྲོ་སེམས་འཁོལ་བ་དང་མཛའ་བརྩེ་ལྡན་པའི་སྒོ་ནས་སྣེ་ལེན་བྱས་པ་དང་། ཕན་ནུས་ལྡན་པའི་ཉམས་མྱོང་མང་པོ་བསྡུ་ལེན་བྱེད་ཐུབ་པ་བྱུང་། ཨ་ཧྥེ་རི་ཁས་ཀྲུང་གོའི་འཕེལ་རྒྱས་ཐད་ནས་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་ཡིན་ལ། ཀྲུང་གོའི་ཉམས་མྱོང་བཟང་བོར་སློབ་སྦྱོང་དང་དཔེ་ལྟ་བྱས་ཏེ། ཨ་ཧྥེ་རི་ཁའི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་རྒྱུའི་རེ་བ་ཡོད། ཐེངས་འདིའི་ཀྲུང་ཧྥེ་གླེང་སྟེགས་པེ་ཅིང་རྩེ་ཚོགས་དེ་དུས་ཐོག་ཏུ་འཁེལ་ཡོད་པ་དང་། ངས་ན་ནིང་ཀྲུང་གོར་འཚམས་འདྲི་བྱས་པའི་ཚུན་དུ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ནས་གྲུབ་འབྲས་མང་པོ་བླངས་པ་དང་། སྔོན་ཏག་ཏག་ལ་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཐན་ཙན་ནི་ཡ་དང་ཙན་པི་ཡའི་ལྕགས་ལམ་བསྐྱར་བཀོལ་བྱེད་པར་བདེན་དཔང་བྱས་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པ་རྒན་རབས་ཚོས་བསྐྲུན་པའི་མཛའ་བརྩེ་རྒྱུན་སྲིང་བྱས་པ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཉམ་འབྲེལ་མཉམ་མཐུད་ཀྱི་བགྲོད་ལམ་གསར་པ་གསར་སྐྲུན་བྱས། ཙན་པི་ཡའི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་སྲུང་བྱེད་པ་དང་། ཀྲུང་གོའི་བར་གྱི་མཉམ་ལས་ཕྱོགས་ཡོངས་ནས་ཇེ་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བའི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་འདོད་ཡོད་པ་དང་། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཙན་པི་ཡ་ཡོང་ནས་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོས་ཁ་ཏ་བསླབ་བྱ་དང་གྲོས་མོལ་སྐུལ་འདེད་ཐད་ཤུགས་བཏོན་ནས། འཛམ་གླིང་ཧྲིལ་བོའི་ཞི་བདེ་གཏན་འཇགས་ཐད་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་བཏོན། ཙན་པི་ཡས་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་མངོན་པའི་ཕུལ་དུ་བྱུང་བའི་འགོ་ཁྲིད་ནུས་པར་བསྟོད་བསྔགས་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་བར་གྱི་ཕྱོགས་མང་རོགས་ལས་དམ་ཟབ་ཏུ་གཏོང་འདོད་ཡོད་ཟེར།
རྩེ་ཚོགས་སྐབས་སུ། ཀྲུང་གོ་དང་ཙན་པི་ཡ་ཕྱོགས་གཉིས་ཀྱིས་སྲན་མ་ཀྲུང་གོར་འདྲེན་པ་དང་སྨན་བཅོས་འཕྲོད་བསྟེན། འཕེལ་རྒྱས་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་མཉམ་ལས་ཡིག་ཆ་མང་པོ་བཀོད།
ཝང་དབྱི་མཇལ་འཕྲད་གནང་།