ཞི་ཅིན་ཕིང་གིས་ཐན་ཙན་ནི་ཡའི་ཙུང་ཐུང་ལ་མཇལ་འཕྲད་གནང་།
2024.09.05 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 6

ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཐན་ཙན་ནི་ཡའི་ཙུང་ཐུང་ཧཱ་སང་ལ་མཇལ་འཕྲད་གནང་།

ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཐན་ཙན་ནི་ཡའི་ཙུང་ཐུང་ཧཱ་སང་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཐན་ཙན་ནི་ཡའི་བར་འབྲེལ་བ་བཙུགས་ནས་ལོ60འཁོར་བའི་ལོ་རེད། ཀྲུང་གོ་དང་ཐན་ཙན་ནི་ཡའི་མཛའ་བརྩེ་དེ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་རྒན་རབས་པ་རྣམས་ཀྱིས་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་ཁྲོད་སྐྱིད་སྡུག་མཉམ་མྱོང་བྱས་པ་རྨང་གཞི་རུ་བྱས་པ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་ཀྱི་དར་རྒྱས་བརྩོན་ལེན་བྱེད་པའི་བགྲོད་ལམ་སྟེང་ཕན་ཚུན་གོང་བཀུར་དང་ཡིད་རྟོན་བྱས་ནས་འཕེལ་རྒྱས་བཏང་ཞིང་།དེང་རབས་ཅན་གྱི་སྐྱོད་ལམ་སྟེང་ལག་རྡང་སྦྲེལ་ནས་མཉམ་དུ་གོང་འཕེལ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐན་ཙན་ནི་ཡ་ཕྱོགས་དང་མཉམ་དུ་ཕྱོགས་ཡོངས་ནས་ཀྲུང་གོ་དང་ཐན་ཙན་ནི་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་སྐུལ་འདེད་དང་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཐན་ཙན་ནི་ཡའི་འབྲེལ་བས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་གོ་དང་ཐན་ཙན་ནི་ཡའི་སྲོལ་རྒྱུན་མཛའ་བརྩེ་མི་རབས་ནས་མི་རབས་སུ་རྒྱུད་འཛིན་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་སྐྱོང་སྲིད་གཉེར་ཐད་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་འཐབ་ཇུས་ཡིད་རྟོན་ཇེ་ཆེར་བཏང་ནས། གཉིས་ཕན་དངོས་གཉེར་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐེངས་འདིའི་རྩེ་ཚོགས་གོ་སྐབས་སུ་བརྩིས་ཏེ། ཐན་ཙན་ནི་ཡ་དང་ཙན་པི་ཡའི་ལྕགས་ལམ་ཤར་གཏོང་བྱེད་པ་དེ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་བ་དང་། ཨ་ཧྥེ་རི་ཁ་ཤར་མའི་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་དྲ་རྒྱ་མཉམ་ལས་འཐུས་ཚང་དུ་བཏང་ནས། ཐན་ཙན་ནི་ཡ་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་གཏིང་ཟབ་སྤེལ་བའི་དཔེ་སྟོན་ཁུལ་དུ་འཛུགས་སྐྲུན་བྱེད་འདོད་ཡོད་ཅེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐན་ཙན་ནི་ཡ་ནི་དུས་རབས་གསར་པར་ཀྲུང་གོས་ཨ་ཧྥེ་རི་ཁའི་སྲིད་ཇུས་དར་སྤེལ་གཏོང་ས་ཐོག་མ་རེད། 2013ལོར། ངས་ཐན་ཙན་ནི་ཡ་རུ་བློ་དཀར་སེམས་དཀར་གྱི་ཨ་ཧྥེ་རི་ཁའི་སྲིད་ཇུས་ལྟ་བ་བཏོན་པ་ཡིན། ད་ལོའི་ཟླ3པར། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཆེད་མཁས་པས་ཐན་ཙན་ནི་ཡར་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཏཱ་ལིས་སི་སཱ་ལཱ་མའོ་ཡི་ཐུན་མོང་ངོས་འཛིན་སྒྲོག་སྤེལ་བྱས་པས། གོ་ལ་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་བགྲོད་ལམ་དང་འདུ་ཤེས་ཀྱི་ཐུན་མོང་ངོས་འཛིན་མངོན་ཡོད། ཀྲུང་གོ་དང་ཐན་ཙན་ནི་ཡའི་འབྲེལ་བ་དེ་གོ་ལ་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དར་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་མཐུན་པས། འདུ་ཤེས་ཀྱི་རིན་ཐང་དང་སྣེ་ཁྲིད་ནུས་པ་གལ་ཆེན་ལྡན། ཀྲུང་གོ་ཕྱོགས་ཀྱི་ཐན་ཙན་ནི་ཡའི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཐན་ཙན་ནི་ཡའི་འབྲེལ་བ་དེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བ་དང་། གོ་ལ་ཧྲིལ་བོའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མཉམ་ལས་ཀྱི་མ་དཔེར་བཞག་སྟེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་བྱས་རྗེས་གལ་ཆེན་འཇོག་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

ཟླ9པའི་ཚེས4ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཐན་ཙན་ནི་ཡའི་ཙུང་ཐུང་ཧཱ་སང་ལ་མཇལ་འཕྲད་གནང་།

ཧྰ་སང་གིས་བསྟན་དོན། 2022ལོར་ངས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པའི་རྣམ་པ་དེ་ད་རུང་བརྗེད་མེད་ལ། ཡང་བསྐྱར་ཀྲུང་གོར་ཡོང་ནས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་ཐུབ་པ་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྐབས་རེ་རེའི་རྩེ་ཚོགས་ཀྱི་གྲུབ་འབྲས་ཧུར་ཐག་གིས་དོན་འཁྱོལ་བྱས་པས། འབྲེལ་ཡོད་མཉམ་ལས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད། ཐེངས་འདིའི་པེ་ཅིང་རྩེ་ཚོགས་ཀྱིས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཛའ་མཐུན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་བྱས་རྗེས་གསར་བ་འཇོག་པ་དང་། ཨ་ཧྥེ་རི་ཁའི་བཟོ་ལས་ཅན་དང་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཡིད་ཆེས་བྱས་ཡོད། ཐན་ཙན་ནི་ཡ་གསར་བརྗེའི་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་ལ་སྤུན་ཟླ་ལྟ་བུའི་བརྩེ་བ་ཟབ་མོ་ཡོད་ལ། ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཐི་ལེའར་མགོ་ཁྲིད་ནུས་པའི་སློབ་གླིང་ལ་བརྟེན་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ་ཏང་འཛུགས་གསོ་སྦྱོང་དང་རྒྱལ་སྐྱོང་སྲིད་གཉེར་ཐད་ཀྱི་ཉམས་མྱོང་བརྗེ་རེས་ཟབ་མོ་བྱས་ཏེ། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་འདོད་ཡོད། ཐན་ཙན་ནི་ཡ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་གྲོས་འགོར་བསྟོད་བསྔགས་ཚད་མེད་བྱེད་ཀྱིན་ཡོད་ལ། ཐེངས་འདིའི་འཚམས་འདྲིའི་སྐབས་སུ་ཐན་ཙན་ནི་ཡའི་ལྕགས་ལམ་ཤར་གཏོང་བྱེད་པར་མཉམ་དུ་བདེན་དཔང་བྱེད་ཐུབ་པར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་བྱས་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དང་། མི་དམངས་རྣམས་ལ་དངོས་ཡོད་ཕན་པ་མང་པོར་ཐོབ་ཏུ་འཇུག་འདོད་ཡོད་ཟེར།

རྩེ་ཚོགས་སྐབས་སུ། ཀྲུང་གོ་དང་ཐན་ཙན་ནི་ཡ་ཕྱོགས་གཉིས་ཀྱིས་མཉམ་དུ་སྦྲེལ་མཐུད་དང་ཞིང་ལས་ཐོན་རྫས་ཉོ་ཚོང་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་འགོད་རྒྱུ་རེད།

ཝང་དབྱི་གོང་གསལ་བྱ་འགུལ་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།