ཟླ9པའི་ཚེས5ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་པོ་ཚི་ཝ་ནའི་ཙུང་ཐུང་མཱ་ཞི་ཞི་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས5ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་པོ་ཚི་ཝ་ནའི་ཙུང་ཐུང་མཱ་ཞི་ཞི་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་པོ་ཚི་ཝ་ནའི་བར་འཐབ་ཇུས་རོགས་རེས་འབྲེལ་བ་འཛུགས་རྒྱུ་ཁྱབ་བསྒྲགས་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་པོ་ཚི་ཝ་ན་རྒྱལ་ཁབ་གཉིས་ནི་སྲོལ་རྒྱུན་མཛའ་གྲོགས་ཡིན་པས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ལ་ལྷག་བསམ་ཟོལ་མེད་ཀྱིས་རྒྱབ་སྐྱོར་བྱེད་བཞིན་ཡོད། ཉེ་བའི་ལོ་ཤས་རིང་ཕྱོགས་གཉིས་ཀྱིས་མཐུན་སྒྲིལ་མཉམ་ལས་དེ་སྲིད་ཇུས་ཀྱི་རྨང་རྡོ་རུ་བརྩིས་པ་དང་། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་སྔོན་ལ་བཞག་སྟེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་མགྱོགས་པོ་ཡོང་བར་སྐུལ་འདེད་བཏང་ཡོད། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་ལོ་རེད། ཕྱོགས་གཉིས་ཀྱིས་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀའི་རིང་གི་ཉམས་མྱོང་བཟང་པོ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ཏེ་ཕན་ཚུན་ཡིད་ཆེས་དང་། ཐུན་མོང་འཕེལ་རྒྱས། དམངས་འདོད་གཅིག་མཐུན་བཅས་ཀྱི་ཟླ་གྲོགས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། ཕན་ཚུན་རྒྱབ་སྐྱོར་བརྟན་པོ་བྱས་ནས་བཟོ་ལས་དང་། ཞིང་ལས། གཏེར་རྫས། དག་གཙང་ནུས་ཁུངས། སློབ་གསོ། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མིག་སྔར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་གོང་དུ་འཕེལ་ཤུགས་ཆེ་བས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་ངེས་པ་དོན་གྱི་ཕན་པ་ཐོབ་པར་མ་ཟད། རྒྱལ་སྤྱི་དང་ཨ་ཧྥེ་རི་ཁའི་མཉམ་ལས་ལ་སྐུལ་ཁྲིད་ནུས་ལྡན་བྱས་ནས་ཨ་ཧྥེ་རི་ཁ་འཕེལ་རྒྱས་དང་དར་རྒྱས་གཏོང་ཆེད་མཐུན་རྐྱེན་བསྐྲུན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁ་སྤུན་ཟླ་གཉིས་སླར་ཡང་མཉམ་འཛོམས་བྱས་ནས་ཀྲུང་གོའི་འཕེལ་རྒྱས་དང་། ཨ་ཧྥེ་རི་ཁའི་འཕེལ་རྒྱས། འཛམ་གླིང་གི་འཕེལ་རྒྱས་བཅས་ཟུང་འབྲེལ་སྔར་ལས་དམ་ཟབ་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་། འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་འཛམ་གླིང་གི་ཞི་བདེ་དང་། བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ལ་སྐུལ་འདེད་གཏོང་བའི་དྲང་ནུས་བཏོན་པ་རེད། ཀྲུང་གོ་ཕྱོགས་ཀྱིས་པོ་ཚི་ཝ་ན་ཕྱོགས་དང་མཉམ་དུ་ད་ཐེངས་ཀྱི་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་འདོད་ཡོད།
ཟླ9པའི་ཚེས5ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོན་རུ་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་པོ་ཚི་ཝ་ནའི་ཙུང་ཐུང་མཱ་ཞི་ཞི་ལ་མཇལ་འཕྲད་གནང་།
མཱ་ཞི་ཞི་ཡིས་བསྟན་དོན། དེ་རིང་ནི་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་ཤིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་སོ་མ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོའི་སྟེང་གསུང་བཤད་གནང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་རོགས་རེས་བྱ་སྤྱོད་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གསར་པ་ཁྱབ་བསྒྲགས་གནང་བ་དེའི་ནང་ཨ་ཧྥེ་རི་ཁར་སྔར་ལས་སྒོ་འབྱེད་ཀྱི་སྲིད་ཇུས་འདོན་པར་ཨ་ཧྥེ་རི་ཁའི་ཕྱོགས་དགའ་ཚོར་ཆེན་པོ་བྱུང་བ་དང་སྐུལ་མ་ཆེན་པོ་ཐེབས་ཡོད། པོ་ཚི་ཝ་ན་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་ད་ཐེངས་ཀྱི་གླེང་སྟེགས་རྩེ་ཚོགས་སྟེང་བཀོད་པའི་འཆར་གཞི་མངོན་འགྱུར་བྱ་ཐུབ་པར་ཡིད་ཆེས་ཡོད། པོ་ཚི་ཝ་ན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ནན་མོ་བྱེད་བཞིན་ཡོད་པ་དང་། ཀྲུང་གོའི་མི་དམངས་ཀྱིས་རྒྱལ་ཁབ་གཅིག་གྱུར་མཐའ་གཅིག་ཏུ་མངོན་འགྱུར་བྱ་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་པོ་ཚི་ཝ་ན་ལ་རྩ་ཆེའི་རྒྱབ་སྐྱོར་ཡུན་རིང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། པོ་ཚི་ཝ་ནའི་ཕྱོགས་ཀྱིས་སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་གོ་སྐབས་སུ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
ཤ་བོ་གསེར་མཚོས་བསྒྱུར།