ཟླ9པའི་ཚེས5ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་། ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཀི་ནེ་ཡ་པི་སོ་ཡི་ཙུང་ཐུང་ཨུན་པ་ལོ་དང་མཇལ་འཕྲད་གནང་།
ཟླ9པའི་ཚེས5ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་། ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཀི་ནེ་ཡ་པི་སོ་ཡི་ཙུང་ཐུང་ཨུན་པ་ལོ་དང་མཇལ་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་ཨུན་པ་ལོ་ད་ལོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་དང་། ཐེངས་འདིར་ཡང་བསྐྱར་ཁ་ཆད་ལྟར་པེ་ཅིང་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་ལ་ཞུགས་པར་ཡོང་བ་དེའི་སྟེང་ནས་ཀྲུང་གོའི་བར་གྱི་མཛའ་བརྩེ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་པ་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀི་ནེ་ཡ་པི་སོ་དང་སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་གཏོང་བ་དང་། འཐབ་ཇུས་མཉམ་ལས་ལ་སྐུལ་འདེད་བཏང་ནས། རང་སོ་སོའི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་དངོས་སྒྲུབ་ཕན་འབྲས་ཆེ་བ་དང་ཀི་ནེ་ཡ་པི་སོ་ཡི་མཁལ་སིལ་ཀྲུང་གོར་འདྲེན་རྒྱུ་དང་། ཀྲུང་གོའི་ཞིང་ལས་ལག་རྩལ་སྐོར་གྱི་ཆེད་མཁས་པ་སྐོར་ཅིག་གསར་འདེམས་བྱས་ནས་ཀི་ནེ་ཡ་པི་སོ་ལ་མངགས་གཏོང་བྱེད་པ་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་བརྟན་པོ་བཏང་ཡོད། ཕྱོགས་གཉིས་ཀྱིས་ཐེངས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་རྩེ་ཚོགས་ཀྱི་གྲུབ་འབྲས་ཧུར་ཐག་གིས་དོན་འཁྱོལ་བྱས་ནས། ཀྲུང་གོ་དང་ཀི་ནེ་ཡ་པི་སོ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཏེ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་འདོད་ཡོད།
ཟླ9པའི་ཚེས5ཉིན་གྱི་དགོང་མོ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་།ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཀི་ནེ་ཡ་པི་སོ་ཡི་ཙུང་ཐུང་ཨུན་པ་ལོ་ལ་མཇལ་འཕྲད་གནང་།
ཨུན་པ་ལོ་ཡིས་བསྟན་དོན། ཡང་བསྐྱར་ཀྲུང་གོར་ཡོང་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཇལ་བར་ཧ་ཅང་དགའ་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཀྱི་གྲོས་མགོ་གལ་ཆེན་བཏོན་པ་ལས་སྤྱིར་བཏང་མིན་པའི་འཐབ་ཇུས་ཀྱི་མིག་རྒྱང་དང་ལོ་རྒྱུས་ཀྱི་བློ་རྒྱ་མངོན་ཞིང་། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གསར་གཏོད་རང་བཞིན་ཧ་ཅང་ཆེན་པོ་ལྡན་པས་ཀི་ནེ་ཡ་པི་སོ་ཡིས་ཚད་མཐོའི་བསྔགས་བརྗོད་དང་ཧུར་ཐག་གིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཨ་ཧྥེ་རི་ཁའི་ངོས་ནས་བརྗོད་ན། ཀྲུང་གོ་ནི་མ་འོངས་པ་དང་སྤུན་ཟླ་ཡིན། ཀི་ནེ་ཡ་པི་སོ་ནི་ཀྲུང་གོས་བློས་འགེལ་ཆོག་པའི་གྲོགས་པོ་དང་སྤུན་ཟླ་བྱེད་འདོད་ཡོད། ཐེངས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་གོ་སྐབས་སུ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་འགྲོ་འོང་དང་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཟེར།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
གཡང་འབུམ་རྒྱལ་གྱིས་བསྒྱུར།