ཟླ9པའི་ཚེས5ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་་ཚོགས་ལ་ཞུགས་པར་ཡོང་བའི་རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མའེ་ལ་མཇལ་འཕྲད་གནང་།
ཟླ9བའི་ཚེས5ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་་ཚོགས་ལ་ཞུགས་པར་ཡོང་བའི་རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མའེ་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་རུ་ཝང་ཏ་བར་གྱི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་གཏོང་རྒྱུ་ཁྱབ་བསྒྲགས་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་དང་རུ་ཝང་ཏའི་རྒྱལ་གཅེས་འཐབ་ཕྱོགས་ཚང་མས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། ཏང་འཛུགས་སྐྱོང་དང་རྒྱལ་ཁབ་འཕེལ་རྒྱས་ལ་མགོ་ཁྲིད་བྱེད་པའི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པས་རྒྱ་ཆེའི་མི་དམངས་ཀྱི་བརྩི་བཀུར་ཐོབ་ཡོད། ཀྲུང་གོ་ཕྱོགས་ཀྱིས་རུ་ཝང་ཏ་རང་བཙན་རང་བདག་གི་འཕེལ་རྒྱས་ལམ་བུའི་སྟེང་བསྐྱོད་པར་རྒྱབ་སྐྱོར་བྱས་ནས། རུ་ཝང་ཏ་ཕྱོགས་དང་མཉམ་དུ་ཏང་སྐྱོང་བའི་ཉམས་མྱོང་བརྗེ་རེས་གཏིང་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། འདུ་ཤེས་ཀྱི་ཐུན་མོང་ངོས་འཛིན་རྒྱ་ཆེར་གཏོང་བ། རང་སོ་སོའི་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལམ་བུའི་སྟེང་དཔུང་པ་མཉམ་གཤིབ་ཀྱིས་སྐྱོད་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ཀྱིས་ཀྲུང་གོ་དང་རུ་ཝང་ཏ་བར་གྱི་མཛའ་བརྩེའི་འབྲེལ་བའི་སྤུས་ཚད་མཐོ་རུ་གཏོང་བར་ལོ་རྒྱུས་ཀྱི་གོ་སྐབས་བསྐྲུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་རུ་ཝང་ཏ་ཕྱོགས་དང་མཉམ་དུ་ཐེངས་འདིའི་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་དང་ཞིང་ལས། སྲུང་སྐར་ཉེར་སྤྱོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རུ་ཝང་ཏའི་སློབ་ཆེན་ཁུང་ཙི་སློབ་གླིང་དང་ལུའུ་པན་བཟོ་ཁང་མཉམ་དུ་ཡག་པོར་གཉེར་ནས་རྒྱལ་ཁབ་གཉིས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་རུ་ཝང་ཏ་ཡིས་ཨ་ཧྥེ་རི་ཁའི་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱེད་པར་འདོན་སྤེལ་བྱས་པའི་དགེ་མཚན་ལྡན་པའི་ནུས་པར་བསྔགས་བརྗོད་བྱེད་རྒྱུ་དང་། རུ་ཝང་ཏ་ཕྱོགས་དང་ཞི་བདེ་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད།
ཟླ9པའི་ཚེས5ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་་ཚོགས་ལ་ཞུགས་པར་ཡོང་བའི་རུ་ཝང་ཏའི་ཙུང་ཐུང་ཁ་ཅ་མའེ་ལ་མཇལ་འཕྲད་གནང་།
ཁ་ཅ་མའེ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས2018ལོར་རུ་ཝང་ཏར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་ངའི་ཡིད་ལ་གསལ་པོར་བཟུང་ཡོད། རུ་ཝང་ཏ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འདུ་ཤེས་འདྲ་མཚུངས་ཡིན་པ་དང་ཕྱོགས་མང་རིང་ལུགས་ཀྱི་འདོད་ཚུལ་འཛིན་གྱི་ཡོད་ལ་བདག་དབང་རང་བཙན་ལ་བརྩི་འཇོག་བྱེད་ཀྱི་ཡོད། རུ་ཝང་ཏ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཀྲུང་གོ་རྒྱལ་ཁབ་གཅིག་གྱུར་ཡོང་བ་མངོན་འགྱུར་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ལངས་ཕྱོགས་དེ་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་དང་ཕན་ཚུན་བསམ་ཤེས་ཀྱི་རྨང་གཞིའི་སྟེང་གྲུབ་པ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་ཞི་བདེ་དང་བདེ་འཇགས་ལ་སྐུལ་འདེད་གཏོང་བ་དང་། ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ། ཨ་ཧྥེ་རི་ཁའི་མཛའ་བརྩེ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་ཆེད་དུ་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་པར་བཀའ་དྲིན་ཆེ་ཞུས་པ་ཡིན། རུ་ཝང་ཏ་ཕྱོགས་ཀྱིས་ཀྲུང་གོ་འདི་ཉིད་ཡུན་རིང་ཡིད་ཆེས་བྱེད་འོས་པའི་གྲོགས་པོ་དང་སྤུན་ཟླར་བརྩིས་ནས། ཀྲུང་གོ་ཕྱོགས་དང་རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་མགོ་ཆེན་པོ་གསུམ་མཉམ་དུ་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད།
ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རུ་ཝང་ཏ་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛམ་གླིང་ཧྲིལ་པོའི་གྲོས་མགོ་ཆེན་པོ་གསུམ་དོན་འཁྱོལ་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་བའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།
རྩེ་ཚོགས་འཚོགས་པའི་རིང་ལ་ཀྲུང་གོ་དང་རུ་ཝང་ཏ་ཕྱོགས་གཉིས་ཀྱིས་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་མགོ་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། སྦྲང་རྩི་ཀྲུང་གོར་འདྲེན་པ། གཞི་གྲངས་དང་ཆ་འཕྲིན་འཕྲིན་གཏོང་། གསར་འགྱུར་སྨྱན་བྱད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད།
ཝང་དབྱི་མཇལ་འཕྲད་ལ་ཞུགས།
གཡང་འབུམ་རྒྱལ།