ཞི་ཅིན་ཕིང་གིས་ཀག་ནའི་ཙུང་ཐུང་ཨ་ཁུའུ་ཧྥུའུ་ཨ་ཏོ་ལ་མཇལ་འཕྲད་གནང་།
2024.09.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ9པའི་ཚེས5ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཀག་ནའི་ཙུང་ཐུང་ཨ་ཁུའུ་ཧྥུའུ་ཨ་ཏོ་ལ་མཇལ་འཕྲད་གནང།

ཟླ9བའི་ཚེས5ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཀག་ནའི་ཙུང་ཐུང་ཨ་ཁུའུ་ཧྥུའུ་ཨ་ཏོ་ལ་མཇལ་འཕྲད་གནང། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཀྲུང་གོ་དང་ཀག་ནའི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོ་རུ་གཏོང་རྒྱུ་ཁྱབ་བསྒྲགས་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀག་ན་ནི་ས་ཧ་ལའི་ལྷོ་རྒྱུད་ཀྱི་ཨ་ཧྥེ་རི་ཁའི་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པའི་རྒྱལ་ཁབ་གཉིས་པ་དེ་རེད། འབྲེལ་བ་བཙུགས་ནས་ལོ་ངོ64འགོར་བའི་རིང་ལ་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་སྔར་བཞིན་བརྟན་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀག་ན་ཕྱོགས་དང་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་རྒན་རབས་བར་གྱི་མཛའ་བརྩེ་ཟབ་མོ་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཁྱབ་ཁོངས་སོ་སོའི་འགྲོ་འོང་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ་དང་། མཉམ་དུ་འཕེལ་རྒྱས་གཏོང་བའི་ཟླ་གྲོགས་བཟང་པོ། མཉམ་ལས་དམ་ཟབ་བྱེད་པའི་སྤུན་ཟླ་བཟང་པོ་བཅས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀག་ན་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་ནས། ཀག་ན་ཕྱོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ཇེ་ལེགས་སུ་གཏོང་བར་རང་ནུས་ཅི་ལྕོགས་ཀྱིས་མུ་མཐུད་དུ་རོགས་རམ་བྱས་ཏེ། ཞིང་ལས་དང་ཉ་ལས། ནུས་རྒྱུ་གཏེར་རྫས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད་པས་ཀག་ན་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོའི་ཁེ་ལས་དང་སྤྱི་དམངས་ལ་འབྲེལ་ཡོད་རྒྱབ་སྐྱོར་དང་སྟབས་བདེ་མཁོ་འདོན་བྱེད་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀག་ནའི2024ལོ་ནས2026ལོའི་བར་གྱི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིའི་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང་།  ཀག་ན་ཕྱོགས་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཐེངས་འདིའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་སྟེང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཛའ་བརྩེའི་ལོ་རྒྱུས་ཉམས་མྱོང་ཕྱོགས་སྡོམ་བྱས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འབད་བརྩོན་ཁ་ཕྱོགས་དང་མངོན་འགྱུར་ཐབས་ལམ་གསལ་བོར་བྱས་ནས་འཛམ་གླིང་ཧྲིལ་བོ་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་པར་སྣེ་ཁྲིད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀག་ན་ཕྱོགས་དང་མཉམ་དུ་རྩེ་ཚོགས་ཀྱི་གྲུབ་འབྲས་སོ་སོ་མཉམ་དུ་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད།

ཟླ9པའི་ཚེས5ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཀག་ནའི་ཙུང་ཐུང་ཨ་ཁུའུ་ཧྥུའུ་ཨ་ཏོ་ལ་མཇལ་འཕྲད་གནང།

ཨ་ཁུའུ་ཧྥུའུ་ཨ་ཏོ་ཡིས་ཀྲུང་གོར་ཡོང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཧ་ཅང་དགའ་པོ་བྱུང་། རྩེ་ཚོགས་ལེགས་འགྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཀག་ན་ནི་ཨ་ཧྥེ་རི་ཁའི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པའི་རྒྱལ་ཁབ་སྐོར་དང་པོ་དེ་ཡིན། ལོ60ལྷག་ཙམ་གྱི་རིང་དུ་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཀག་ནའི་བློས་འགེལ་ཆོག་པའི་གྲོགས་པོ་དང་རོགས་ཟླ་ཡིན། ཀག་ན་ཕྱོགས་ཀྱིས་ཀྲུང་གོའི་མཛའ་བརྩེའི་འབྲེལ་བར་ཚད་མཐོའི་གཅེས་འཛིན་བྱེད་བཞིན་ཡོད་པ་དང་།  ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། འགྲོ་བ་མིའི་ཐོབ་ཐང་སོགས་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ཀག་ནར་རྒྱབ་སྐྱོར་སྣ་ཚོགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོའི་ཁེ་ལས་ཀྱི་དངུལ་གཏོང་མཉམ་ལས་ཀྱིས་ཀག་ནའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཀག་ན་ཕྱོགས་ཀྱིས་གློག་ཤུགས་དང་གཏེར་རྫས། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་རྒྱུར་རེ་བ་བྱེད་བཞིན་ཡོད་པར་མ་ཟད་ཀྲུང་གོའི་ཁེ་ལས་ལ་སྟབས་བདེ་བསྐྲུན་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དེ་རིང་སྔ་དྲོའི་གླེང་སྟེགས་རྩེ་ཚོགས་ཀྱི་མགོ་རྩོམ་མཛད་སྒོའི་སྟེང་ཨ་ཧྥེ་རི་ཁ་དང་ཀྲུང་གོས་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”བཏོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འབྲེལ་ཡོད་གྲོས་མགོར་སྔ་བལྟས་ཕྱི་བསམ་གྱི་རང་བཞིན་ལྡན་པས་ཀག་ན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་དོན་འཁྱོལ་ལེགས་པོ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཕན་ཚུན་གྱི་གྲོགས་པོ་ཡག་པོ་དང་སྤུན་ཟླ་ཡག་པོ་བྱེད་འདོད་ཡོད།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

གཡང་འབུམ་རྒྱལ་གྱིས་བསྒྱུར།