ཞི་ཅིན་ཕིང་གིས་སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་།
2024.09.06 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 2

ཟླ9པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་ལ་མཇལ་འཕྲད་གནང་།

ཟླ9པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་སུའུ་ཏན་བདག་དབང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པུའུ་ཨར་ཧན་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སུའུ་ཏན་ནི་སྐྱིད་སྡུག་མཉམ་མྱོང་གི་གྲོགས་པོ་བཟང་པོ་ཡིན། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ65འཁོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་སྲོལ་རྒྱུན་ལ་གཅེས་སྤྲས་དང་ཕན་ཚུན་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད་ལ། སུའུ་ཏན་བར་གྱི་ཁྱབ་ཁོངས་ཁག་གི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་ད་ཐེངས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་ཁག་དོན་འཁྱོལ་ཧུར་ཐག་བྱས་ནས་ཕྱོགས་གཉིས་ཀྱི་མཉམ་ལས་སྤུས་ཚད་མཐོར་འདེགས་དང་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་སུའུ་ཏན་གྱི་གནས་བབ་ཚབས་ཇེ་ཆེར་འགྲོ་བར་དོ་ཁུར་བྱེད་པ་དང་། སུའུ་ཏན་གྱིས་རྒྱལ་ཁབ་ཀྱི་བདག་དབང་དང་། རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱས་ཏེ་མདུན་ལམ་དང་ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། སུའུ་ཏན་གྱིས་ཞི་བདེ་བརྟན་ལྷིང་གང་མགྱོགས་ཀྱིས་སླར་གསོ་བྱེད་པ་དང་། ཡང་བསྐྱར་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ནས་མི་དམངས་ཀྱིས་བདེ་འཇགས་ངང་འཚོ་བ་སྐྱེལ་ཐུབ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་གནས་ཡུལ་དུ་སུའུ་ཏན་གྱི་ཆེད་དུ་དྲང་བདེན་གྱི་བྱ་བ་བསྒྲུབ་རྒྱུ་དང་། སུའུ་ཏན་གྱི་གནད་དོན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་ཁོར་ཡུག་བཟང་པོ་ཞིག་བརྩོན་ལེན་བྱ་རྒྱུ་ཡིན།

པུའུ་ཨར་ཧན་གྱིས་བསྟན་དོན། སུའུ་ཏན་དང་ཀྲུང་གོའི་བར་དུ་མཛའ་བརྩེ་ཟབ་མོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཡུལ་དུས་སྣ་ཚོགས་སུ་སུའུ་ཏན་གྱི་རང་བཙན་བདག་དབང་སྲུང་སྐྱོང་ལ་རྒྱབ་སྐྱོར་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་བྱེད་བཞིན་ཡོད། ཀྲུང་གོས་སུའུ་ཏན་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འབོར་ཆེན་བྱས་ནས་སུའུ་ཏན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད་པས། སུའུ་ཏན་མི་དམངས་ཀྱིས་ཀྲུང་གོར་དགའ་ཞེན་དང་གུས་བཀུར་ཟབ་མོ་བྱེད་བཞིན་ཡོད། སུའུ་ཏན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་དུ་བསྟར་ནས་ཀྲུང་གོའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་མཐའ་དག་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། སུའུ་ཏན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་སྟེང་ཁྱབ་བསྒྲགས་བྱས་པའི“གྲོགས་པོ་ཆེན་པོ་བཅུའི་འགུལ་སྐྱོདལ་ཚད་མཐོའི་བསྔགས་བརྗོད་བྱེད་བཞིན་པ་དང་། འདིས་སུའུ་ཏན་དམག་འཁྲུག་གི་སྡུག་བསྔལ་ལས་སྒྲོལ་ནས་ཞི་བདེ་དང་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུར་ཕན་འདོགས་ཐུབ་པའི་ཡིད་ཆེས་ཡོད། སུའུ་ཏན་གྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབྲེལ་ཡོད་གྲུབ་འབྲས་དོན་འཁྱོལ་ཧུར་ཐག་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར།

ཝང་དབྱི་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།