རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཚེས6ཉིན་པེ་ཅིང་དུ་སོ་སོར་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་མ་ཟད་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཁོང་ཀོ་པུའུ་ཡི་ཙུང་ཐུང་ས་སུའུ་དང་། རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཨ་ཧྥེ་རི་ཁ་དབུས་མའི་ཙུང་ཐུང་ཐུའུ་ཝ་ཏི་ལཱ་གཉིས་ལ་མཇལ་འཕྲད་གནང་།
ཟླ9པའི་ཚེས6ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་མ་ཟད་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ཁོང་ཀོ་པུའུ་ཡི་ཙུང་ཐུང་ས་སུའུ་ལ་མཇལ་འཕྲད་གནང་།
ས་སུའུ་ལ་མཇལ་འཕྲད་གནང་སྐབས། ཀྲའོ་ལི་ཅི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ས་སུའུ་ཡིས་དེ་རིང་གྲུབ་འབྲས་ལྡན་པའི་ཐུག་འཕྲད་མཛད་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་འཆར་འགོད་སོགས་ཡིག་ཆ་གལ་ཆེན་རབ་དང་རིམ་པ་བཀོད་པར་མཉམ་དུ་བདེན་དཔང་གནང་། ད་ཐེངས་ཀྱི་རྩེ་ཚོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འབྲེལ་བའི་སྤྱི་ཡོངས་ཀྱི་ངེས་གནས་དེ་དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པར་མཐོར་འདེགས་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁོང་ཀོ་པུའུ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་མཛུབ་ཁྲིད་དུ་བྱས་ནས་ཕྱོགས་གཉིས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་ཁོང་ཀོ་པུའུ་ཡི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ“གྲོགས་པོའི་འགུལ་སྐྱོད་ཆེན་པོ་བཅུ”མཉམ་དུ་དོན་འཁྱོལ་ཡག་པོ་བྱེད་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཁོང་ཀོ་པུའུ་ཡི་གྲོས་ཚོགས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁྲིམས་འཛུགས་དང་ལྟ་སྐུལ་བྱ་བའི་ཉམས་མྱོང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད་ཅེས་བསྟན།
ས་སུའུ་ཡིས་བསྟན་དོན། ད་ཐེངས་ཀྱི་རྩེ་ཚོགས་ལེགས་གྲུབ་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་ཡིན། ཁོང་ཀོ་པུའུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་པ། འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ལག་རྡང་སྦྲེལ་ནས་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཟླ9པའི་ཚེས6ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་པེ་ཅིང་དུ་ཀྲུང་གོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་ཨ་ཧྥེ་རི་ཁ་དབུས་མའི་ཙུང་ཐུང་ཐུའུ་ཝ་ཏི་ལཱ་ལ་མཇལ་འཕྲད་གནང་།
ཐུའུ་ཝ་ཏི་ལཱ་ལ་མཇལ་འཕྲད་གནང་སྐབས་ཀྲའོ་ལི་ཅི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཐུའུ་ཝ་ཏི་ལཱ་ཡིས་མཇལ་འཕྲད་གལ་ཆེན་གནང་ནས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འཐབ་ཇུས་རོགས་རེས་འབྲེལ་བར་མཐོར་འདེགས་བྱ་རྒྱུ་ཡིན་པ་ཁྱབ་བསྒྲགས་གནང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་ཟོལ་མེད་མཛའ་བརྩེའི་འདུ་ཤེས་དང་ཡང་དག་པའི་འོས་འགན་དང་ཁེ་ཕན་གྱི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། འཕེལ་རྒྱས་དང་དར་རྒྱས་ཀྱི་ལམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་ཕན་ཚུན་རོགས་རེས་དང་མཉམ་ལས་གཉིས་ཕན་ཡོང་བ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་ཐེངས་འདིའི་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ་དང་། ལག་རྡང་སྦྲེལ་ནས“གྲོགས་པོའི་འགུལ་སྐྱོད་ཆེན་པོ་བཅུར”སྐུལ་འདེད་གཏོང་བ། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་པ་བཅས་བྱེད་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་རྒྱལ་དམངས་གྲོས་ཚོགས་དང་མཛའ་མཐུན་འགྲོ་འོང་དམ་ཟབ་བྱས་ཏེ། རྒྱལ་ཁབ་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཁྲིམས་འཛུགས་ལས་ཁུངས་ཀྱི་བྱས་རྗེས་འཇོག་འདོད་ཡོད།
ཐུའུ་ཝ་ཏི་ལཱ་ཡིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རླབས་ཆེན་གྲུབ་འབྲས་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མིག་རྒྱང་རིང་ཞིང་ལྟ་བ་ཟབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ལེགས་པར་མངོན་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་མོ་བྱས་ཏེ་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་བྱེད་པ་དང་། ཀྲུང་གོ་དང་མཉམ་ལས་ཟབ་མོ་བྱས་ནས་རྩེ་ཚོགས་ཀྱི་གྲུབ་འབྲས་མཉམ་དུ་དོན་འཁྱོལ་བྱེད་འདོད་ཡོད་ཟེར།
ཤ་བོ་གསེར་མཚོས་བསྒྱུར།