ཝང་ཧུའུ་ཉིང་གིས་སོ་སོར་པུ་རུན་ཏའི་ཙུང་ཐུང་ཨིན་ཏ་དབྱི་ཧྲི་སྨི་ཡེ་དང་མ་ཏ་ཅ་སི་ཅ་ཡི་ཙུང་ཐུང་ལཱ་ཆའོ་ལི་ན་ལ་མཇལ་འཕྲད་གནང་།
2024.09.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 7

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས6ཉིན་པེ་ཅིང་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་པུ་རུན་ཏའི་ཙུང་ཐུང་ཨིན་ཏ་དབྱི་ཧྲི་སྨི་ཡེ་དང་མཱ་ཏ་ཅ་སི་ཅ་ཡི་ཙུང་ཐུང་ལཱ་ཆའོ་ལི་ན་ལ་མཇལ་འཕྲད་གནང་།

ཟླ9པའི་ཚེས6ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་པུ་རུན་ཏའི་ཙུང་ཐུང་ཨིན་ཏ་དབྱི་ཧྲི་སྨི་ཡེ་ལ་མཇལ་འཕྲད་གནང་།

ཨིན་ཏ་དབྱི་ཧྲི་སྨི་ཡེ་ལ་མཇལ་འཕྲད་གནང་སྐབས་ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁྱེད་གཉིས་ཀྱིས་གྲུབ་འབྲས་ཆེ་བའི་མཇལ་འཕྲད་གནང་ནས་ཀྲུང་གོ་དང་པུ་རུན་ཏའི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུ་མཉམ་དུ་གཏན་འཁེལ་བྱས་ཏེ་དུས་མཚམས་རྗེས་མའི་ཕྱོགས་གཉིས་ཀྱི་འབྲེལ་བ་དང་དེ་བཞིན་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འགོ་འཛུགས་ས་གསར་པ་དང་སྒུལ་ཤུགས་གསར་པ་སྣོན་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་པུ་རུན་ཏ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་དང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་ནས་ཀྲུང་གོ་དང་པུ་རུན་ཏའི་མི་དམངས་དང་ཀྲུང་ཧྥེ་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ལ། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་ཡོད།

ཨིན་ཏ་དབྱི་ཧྲི་སྨི་ཡེ་ཡིས་བསྟན་དོན། པུ་རུན་ཏ་ཡིས་ཧུར་ཐག་ངང་ཀྲུང་གོ་ཕྱོགས་ཀྱི་ཕན་ཡོད་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། མི་དམངས་ཀྱི་བདེ་སྐྱིད་ཧུར་ཐག་གིས་ཆེ་རུ་བཏང་ནས་འབྲུ་རིགས་རང་ཁ་རང་གསོ་ཐུབ་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ཉིན་རེ་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད། པུ་རུན་ཏ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཞིང་ལས་དང་། ནུས་ཁུངས། རྨང་གཞིའི་སྒྲིག་བཀོད། ནུས་པ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་པུ་རུན་ཏའི་བཟོ་ལས་ཅན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་འདོད་ཡོད། པུ་རུན་ཏ་ཕྱོགས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་ཐད་མུ་མཐུད་དུ་ཀྲུང་གོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར།

ཟླ9པའི་ཚེས6ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིང་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ལ་ཞུགས་པར་ཡོང་བའི་མ་ཏ་ཅ་སི་ཅ་ཡི་ཙུང་ཐུང་ལཱ་ཆའོ་ལི་ན་ལ་མཇལ་འཕྲད་གནང་།

ལཱ་ཆའོ་ལི་ན་ལ་མཇལ་འཕྲད་གནང་སྐབས་ཝང་ཧུའུ་ཉིང་གིས་བསྟན་དོན། དེ་རིང་ཕྱི་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁྱེད་དང་གྲུབ་འབྲས་ལྡན་པའི་མཇལ་འཕྲད་གནང་ནས་ཀྲུང་གོ་དང་མ་ཏ་ཅ་སི་ཅ་ཡི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་རིམ་སྤོར་བྱ་རྒྱུ་གཏན་འཁེལ་བྱས། ཀྲུང་གོ་ཕྱོགས་ཀྱིས་མཱ་ཏ་ཅ་སི་ཅ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དང་རྩེ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་མ་ཏ་ཅ་སི་ཅ་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་དམངས་ལ་ཕན་པ་བསྐྲུན་འདོད་ཡོད་ལ། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་ཡོད། 

ལཱ་ཆའོ་ལི་ན་ཡིས་བསྟན་དོན། ད་ཐེངས་རྩེ་ཚོགས་ཀྱི་གྲོས་གཞི་དེ་ཨ་ཧྥེ་རི་ཁའི་འཕེལ་རྒྱས་དམིགས་འབེན་དང་ཚད་མཐོའི་གཅིག་མཐུན་བྱུང་བ་དེའི་སྟེང་ནས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨ་ཧྥེ་རི་ཁའི་རེ་འབོད་ལ་གསན་པ་མཚོན་ཡོད་ལ། མ་ཏ་ཅ་སི་ཅ་དང་ཀྲུང་གོའི་ཞིང་ལས་དང་ལྷག་པར་དུ་རྒྱུད་འདྲེས་ཆུ་འབྲས་མཉམ་ལས་ལ་གྲུབ་འབྲས་བཟང་པོ་ཐོབ་ནས་རྟ་ཡི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱ་ཆེད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་འདོན་སྤེལ་བྱས་ཡོད། མཱ་ཏ་ཅ་སི་ཅ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕན་ཚུན་གསབ་རེས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་བཏང་སྟེ་མ་ཏ་ཅ་སི་ཅ་དང་ཀྲུང་གོའི་འབྲེལ་བའི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་འདོད་ཡོད་ཟེར། 

ཧྲི་ཐའེ་ཧྥུན་དང་ཝང་ཏུང་ཧྥུན་སོགས་གོང་གསལ་གྱི་མཇལ་འཕྲད་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།