ཟླ9ཚེས6ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་རྒྱས་འཛོམས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ཆེད་དུ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། སྲིད་གྲོས་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཝང་ཀྲིན་ཁྲང་དང་། ལིས་ཞའོ་ནན། ཕིན་ཡིའུ་ཏུང་། ཞེ་པའོ་ཨིན། ཧྲང་ཡུས་ལུང་བཅས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱེད་རྒྱུར་དམིགས་ནས་བརྗེ་རེས་གཏམ་བཤད་སྤེལ།
གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ནི་བཅོས་སྒྱུར་སྔར་ལས་ཕྱོགས་ཡོངས་ནས་ཟབ་སྤེལ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སུ་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། གྲོས་ཚོགས་ལས་མཚོ་སྔོན་གྱིས་ བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་འདུ་ཤེས་ལངས་གནས་དང་། དམིགས་འབེན་ལས་འགན། ལག་ལེན་གྱི་ཐབས་ལམ་བཅས་གཏན་འཁེལ་གསལ་པོ་བྱས་པས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུས་འབྲས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་ཐད་ཆབ་སྲིད་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཞིང་། ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་ཏེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། ཆབ་སྲིད་ཀྱི་ལངས་གནས། ཆབ་སྲིད་ཀྱི་འགན་འཁྲི་ཁག་ཁུར་བཅས་མཚོན་ཡོད།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དངོས་དོན་གཉེར་བའི་བྱེད་ཐབས་ལ་བརྟེན་ནས་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་གྱིས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏང་ཁག་སོ་སོ་དང་ཚོགས་པ་སོ་སོ། རིགས་སོ་སོ་དང་ལས་རིགས་སོ་སོ་བཅས་ཀྱི་མི་སྣའི་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་དམ་པོ་བྱེད་དགོས། རང་འགུལ་ངང་རྒྱལ་ཡོངས་ཀྱི་ཁྱོན་ཡོངས་དང་འདྲེས་པར་བྱེད་པ་དང་དེར་ཞབས་འདེགས་ཞུ་བའི་ལངས་གནས་འདུ་ཤེས་ལ་གོ་བ་ཟབ་མོ་ལེན་པ་དང་། མཚོ་སྔོན་ལས་ཕྱིར་བུད་དེ་མཚོ་སྔོན་ལ་བལྟ་བ་དང་། ཁྱོན་ཡོངས་ལ་དམིགས་ཏེ་མཚོ་སྔོན་ལ་བལྟ་མཁས་པར་བྱས་ཏེ། སྔར་ལས་ལྷག་པར་གནད་དོན་ལ་བསམ་གཞིགས་བྱེད་པའི་ཁྱོན་ཡོངས་ཀྱི་ལངས་གནས་དང་། བྱ་བར་ཇུས་འགོད་བྱེད་པའི་ཁྱོན་ཡོངས་ཀྱི་འདུ་ཤེས་དང་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ལྡན་པའི་བསམ་གཞིགས་ཇེ་མཐོར་གཏོང་དགོས། མཚོ་སྔོན་གྱིས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་དམིགས་འབེན་ལས་འགན་དང་བྱེད་ཐབས་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ།“ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས་པ”བཅས་ཀྱི་འགན་འཁྲི་འཁུར་ནས། བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་མཁན་དང་། ལག་ལེན་བྱེད་མཁན། སྐུལ་འདེད་གཏོང་མཁན་བཅས་བྱེད་དགོས། སྲིད་གྲོས་ཀྱིས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་གཙོ་གནད་དང་ཤུགས་འདོན་སར་གོ་བ་ཟབ་མོ་ལེན་པ་དང་། བཅོས་སྒྱུར་གྱི་ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་བརྒྱུད་རིམ་ལ་དམ་པོར་དམིགས་ཏེ། སྲིད་གྲོས་སྲིད་གླེང་དང་། བློ་འདོན་ཇུས་འབུལ། ངོས་འཛིན་གཅིག་བསྡུས་བཅས་བྱས་ཏེ། བཅོས་སྒྱུར་གྱི་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་རམ་འདེགས་དང་། སྒུལ་ཤུགས་གཅིག་སྒྲིལ། སྒུལ་ཤུགས་སྣོན་པ་བཅས་བྱེད་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པས་སྲིད་གྲོས་བྱ་བར་བཏོན་པའི་བཅོས་སྒྱུར་གྱི་ལས་འགན་དང་ཞིབ་བསྡུར་ནན་ཏན་བྱེད་པ་དང་། དམངས་གཙོའི་གྲོས་མོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བར་དམིགས་ཏེ། སྲིད་གྲོས་རང་ངོས་ཀྱི་བཅོས་སྒྱུར་ལས་འགན་དོན་འཁྱོལ་བྱེད་རྒྱུ་ཤུགས་ཆེན་པོས་དམ་འཛིན་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཞིང་ཆེན་སྲིད་གྲོས་ཀྱི་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱེད་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བ་དང་མི་དམངས་སྲིད་གྲོས་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་བར་རྩ་འཛུགས་ཡག་པོ་བྱེད་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དང་ཟུང་འབྲེལ་བྱེད་པ། རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་གྱི་བྱེད་ཐབས་གལ་ཆེན་དང་ཞིབ་བསྡུར་བྱེད་པ། ཞིང་ཆེན་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་གཏན་འབེབས་བྱེད་པར་དམིགས་ནས་སང་ལོའི་སྲིད་གྲོས་སྲིད་གླེང་གི་ཞིབ་འཇུག་བྱ་གཞིར་སྔ་མོ་ནས་ཞིབ་འཇུག་དང་ཇུས་འགོད་བྱེད་པ་དང་། སྤུས་ཚད་མཐོ་བའི་འགན་འཁྲི་ལག་བསྟར་བྱེད་པར་བརྟེན་ནས་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ལས་འགན་སྣ་ཚོགས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
ཝང་ཞོན་དང་མཱ་ཡུའེ་ཞང་གྲོས་ཚོགས་ལ་ཞུགས།
སྒྲོལ་མ་སྐྱིད་ཀྱིས་བསྒྱུར།