ཝང་ཝེ་ཏུང་གིས་ཞོད་འགོག་གནོད་སེལ་ལས་དོན་ལ་ཡང་བསྐྱར་བཀོད་སྒྲིག་དང་བྱང་བླ་བཏོན།
2024.09.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

ཟླ9པའི་ཚེས6ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་གཙོ་བོ་རྟ་ཐང་རྫོང་དུ་སོང་ནས་ཞོད་འགོག་གནོད་སེལ་གྱི་ལས་དོན་ལ་རྟོག་ཞིབ་བྱས་རྗེས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཏུང་མྱུར་མོར་གྲོང་ཁྱེར་འཁོར་སྐྱོད་བཀོད་འདོམས་ལྟེ་གནས་སུ་སོང་ནས། བརྙན་ལམ་ནས་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་གཙོ་བོའི་རྟོག་ཞིབ་གཏམ་བཤད་ནང་དོན་བརྒྱུད་སྒྲོག་བྱས་པར་མ་ཟད། ཞོད་འགོག་གནོད་སེལ་གྱི་ལས་དོན་ལ་ཡང་བསྐྱར་བཀོད་སྒྲིག་དང་བླང་བྱ་བཏོན། གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཀང་དང་ཀྲང་ཅུན་ལུའུ་བཀོད་སྒྲིག་ལས་དོན་ཁྲོད་ཞུགས།

ཝང་ཝེ་ཏུང་གིས་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་གཙོ་བོས་ཟི་ལིང་དུ་ཞོད་འགོག་གནོད་སེལ་ལས་དོན་ལ་རྟོག་ཞིབ་བྱས་ཏེ། གནོད་ཐེབས་མང་ཚོགས་དང་འཐབ་ཕྱོགས་དང་པོའི་ཉེན་སེལ་མི་སྣར་འཚམས་འདྲི་བྱས་པ་འདིའི་སྟེང་ནས། ཞིང་ཆེན་ཏང་ཨུས་ཞོད་འགོག་གནོད་སེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཟི་ལིང་གི་ལས་བྱེད་མང་ཚོགས་ལ་སེམས་ཁུར་ཟབ་མོ་བྱེད་ཀྱིན་པ་སྒོ་ཀུན་ནས་མཚོན་ཐུབ། ཟི་ལིང་གྲོང་ཁྱེར་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཡང་འབད་བསྐྱར་འབད་དང་རྒྱུན་འཁྱོངས་ལྷོད་མེད་སྒོས་ཞོད་འགོག་གནོད་སེལ་གྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་དགོས་པ་དང་དམ་འཛིན་ཞིབ་ཚགས་བྱེད་པ། ཐབས་བརྒྱ་ཇུས་སྟོང་སྒོས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།