རྒྱལ་སྤྱིའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་སྐབས་ཀྱི་བརྗོད་དོན་གསུང་བཤད་ཀྱིས། ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཉམ་དུ་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། ཆུ་ཚད་མཐོ་བའི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་པར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་ལ། འཛམ་གླིང་གིས་མཉམ་དུ་དར་རྒྱས་ཀྱི་མ་འོངས་པ་བསྐྲུན་པར་ཡིད་ཆེས་ལྡན་པར་བྱས་ཡོད་ཅེས་བསྟན།
ཨ་ཧྥེ་རི་ཁའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྗོད་དོན་གསུང་བཤད་གནང་སྐབས། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཏེ། ཨ་ཧྥེ་རི་ཁའི་སྐམ་ས་ཆེན་མོ་དང་ཀྲུང་གོའི་གཉིས་ཕན་མཉམ་ལས་དང་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་པར་སྔར་ལས་ལྷག་པའི་སྒོ་ནས་སྐུལ་འདེད་གཏོང་ཐུབ་ངེས་ཡིན་ཞེས་བསྟན།
ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོའི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྗོད་དོན་གསུང་བཤད་ནང་ཀྲུང་གོ་དང་ཨ་ཧྥེ་རི་ཁས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་རོགས་རེས་བྱ་སྤྱོད་ཆེན་པོ་བཅུ་ལ་སྐུལ་འདེད་གཏོང་བ་དང་། ཨ་ཧྥེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་བསྟན།
རྒྱལ་སྤྱིའི་མི་སྣས་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གླིང་གིས་དེང་རབས་ཅན་གྱི་སྐྱོད་ལམ་གསར་པའི་སྟེང་དུ། ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་དེ། འཛམ་གླིང་ལ་མཉམ་ལས་གཉིས་རྒྱལ་གྱི་མིག་དཔེ་བསྟན་ཡོད་ཅེས་བསྟན།
བན་དེ་སྐྱབས་ཀྱིས་བསྒྱུར།