སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཟླ9བའི་ཚེས10ཉིན་གྱི་ཕྱི་དྲོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་པེ་ཅིང་དང་བྲལ་བ་དང་། ལེ་ཡཱ་ཏི་རུ་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པ་དང་སོ་ཏི་ཨ་རབ་ལ་དངོས་གཞིའི་འཚམས་འདྲི་མཛད་པར་ཕེབས།
སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་ཡིས་གདན་དྲངས་པ་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ཟླ9བའི་ཚེས10ཉིན་གྱི་ཕྱི་དྲོར་ཆེད་བཏང་གནམ་གྲུར་བཞུགས་ཏེ་པེ་ཅིང་དང་བྲལ་བ་དང་། ལེ་ཡཱ་ཏི་རུ་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པ་དང་སོ་ཏི་ཨ་རབ་ལ་དངོས་གཞིའི་འཚམས་འདྲི་མཛད་པར་ཕེབས།
ས་དེའི་ཚེས10ཉིན་གྱི་དགོང་མོར། ལིས་ཆང་བཞུགས་པའི་གནམ་གྲུ་ལེ་ཡཱ་ཏིའི་ཧཱ་ལི་ཏི་རྒྱལ་བོའི་གནམ་གྲུ་ཐང་དུ་འབྱོར། ལེ་ཡཱ་ཏི་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མུའུ་ཧན་མའོ་ཏི་དང་། སོ་ཏི་ཨ་རབ་ཀྱི་ཚོང་དོན་བློན་ཆེན་ཁཱ་སི་པུས། སོ་ཏི་ཨ་རབ་ཏུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཁྲང་ཧྭ་སོགས་གནམ་གྲུ་ཐང་དུ་ཡོང་ནས་བསུ་བ་ཞུས།
ལིས་ཆང་གིས་བསྟན་དོན། ཀྲུང་གོ་དང་སོ་ཏི་ཨ་རབ་བར་སྲོལ་རྒྱུན་གྱི་མཛའ་བརྩེ་ཟབ་མོ་ཡོད་ཅིང་། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ34འགོར་བའི་རིང་ལ། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བར་མཆོང་བསྐྱོད་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་སྟེ། དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། 2022ལོའི་ཟླ12པར། ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོ་དང་སོ་ཏི་ཨ་རབ། ཀྲུང་གོ་དང་ཨ་རབ་མཚོ་ཁུགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་དང་པོར་ཞུགས་ཏེ་སོ་ཏི་ཨ་རབ་ལ་རྒྱལ་དོན་འཚམས་འདྲི་མཛད། ལོ་གཅིག་ལྷག་གི་རིང་ལ། ཕྱོགས་གཉིས་ཀྱིས་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་གལ་ཆེན་དངོས་འབེབས་བྱས་པ་དང་། ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ལ། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་ལ་གཏན་འཇགས་ངང་སྐུལ་འདེད་བཏང་བ་དང་། ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་འབྲེལ་འདྲིས་དང་མཐུན་སྦྱོར་དམ་ཟབ་སྲུང་འཛིན་བྱས་ཏེ། མུ་མཐུད་དུ་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་།
ལིས་ཆང་གིས་བསྟན་དོན། ཐེངས་འདིའི་འཚམས་འདྲིའི་སྐབས་སུ། བདག་གིས་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མུའུ་ཧན་མའོ་ཏི་དང་མཉམ་དུ་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་དང་། ཐུན་མོང་གིས་སེམས་ཁུར་བྱེད་པའི་གནད་དོན་གཞན་པའི་ཐད་ནས་གཏིང་ཟབ་ཏུ་བརྗེ་རེས་བྱས་ཏེ། མཛའ་བརྩེ་དང་མཉམ་ལས་ལ་མཉམ་དུ་གྲོས་བསྡུར་བྱེད་རྒྱུ་ཡིན། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་དེ། ཀྲུང་གོ་དང་སོ་ཏི་ཨ་རབ་མི་དམངས་ཀྱི་མཛའ་བརྩེའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བ་དེ་ཆུ་ཚད་སྔར་ལས་མཐོན་པོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཨ་རབ་མཚོ་ཁུགས། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་ལོན་པར་སྣེ་ཁྲིད་བྱེད་ཐུབ་པར་རེ་བཞིན་ཡོད་ཅེས་གསུངས།
བསོད་ནམས་ཚེ་རིང་གིས་བསྒྱུར།