རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པ་པེ་ཅིང་དུ་འཚོགས།
2024.09.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པས་ཚེས10ཉིན་གྱི་སྔ་དྲོར་པེ་ཅིང་དུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མགོ་འཛིན་གནང་། ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལུའོ་ཡོན་གྱིས་ཕུལ་བའི་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཞུས་ཧུའེ་ཡིས་ཕུལ་བའི་བསྡོམས་རྩིས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དང་ཀྲུའུ་རིན་གཞོན་པ་ཚུང་པིན་གྱིས་ཕུལ་བའི་འགོས་ནད་འགོག་བཅོས་བཅའ་ཁྲིམས་ཀྱི་བཟོ་བཅོས་མ་ཟིན་ལ་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུ། ཀྲུའུ་རིན་ཨུ་ཡོན་གཞོན་པ་ཀྲོའུ་ཀོང་ཆོན་གྱིས་ཕུལ་བའི་ནུས་ཁུངས་བཅའ་ཁྲིམས་ཀྱི་འཆར་ཟིན་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུ། ཀྲུའུ་རིན་ཨུ་ཡོན་གཞོན་པ་ཧོང་མིང་གིས་ཕུལ་བའི་ནག་དངུལ་དཀར་སྒྱུར་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་བཟོ་བཅོས་བྱས་ཚུལ་སྐོར་གྱི་སྙན་ཞུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་འཇལ་བའི་བཅའ་ཁྲིམས་མ་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་དང་། རྒྱལ་ཁབ་ཀྱི་སྤྱི་གླིང་བཅའ་ཁྲིམས་མ་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རིན་ལེ་ཧའེ་ཁྲའོ་དང་རྒྱལ་ཁབ་ནགས་ཚལ་ཅུས་ཀྱི་ཅུས་ཀྲང་ཀོན་ཀྲི་ངུར་སོ་སོར་གསལ་བཤད་བྱས། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ལྟ་ཞིབ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞི་བཏོན་ཡོད། རྒྱལ་ཁབ་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིའུ་ཅིན་གོ་ཡིས་གསལ་བཤད་གནང་བ་རེད་། ཚོགས་འདུའི་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་སྐབས་སུ་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་ཨུ་ཡོན་ཀྲང་ཚོགས་འདུའི་གྲོས་གཞིར་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ཚོགས་འདུའི་མངགས་བཅོལ་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲེན་ཁྲུན་ཡའོ་ཡིས་གསལ་བཤད་བྱས། ཚོགས་འདུའི་ཐོག་ཁྲིམས་གཏན་འཁེལ་བའི་ལས་འཁྱུར་ངལ་གསོའི་ལོ་ཚད་རིམ་བཞིན་ནར་འགྱངས་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་མི་སྤྱི་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཕིན་གྱིས་གསལ་བཤད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་ཕྱི་འབྲེལ་པུའི་པུའུ་ཀྲང་གཞོན་པ་ཧྭ་ཁྲུན་ཡིང་གིས1993ལོའི་ཟླ1ཚེས14ཉིན་བཞག་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་དང་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྐོར་གྱི་ཆིངས་ཡིག་ལ་གྲོས་ཞིབ་དང་ཆོག་མཆན་གནང་རྒྱུར་ཕུལ་བའི་སྐོར་གྱི་གྲོས་ཆོད་ཡི་གེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁང་དང་ཝུའུ་ལ་ཀུའེ་ཏུང་ཨན་སྤྱི་མཐུན་ཏང་གི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྐོར་གྱི་ཆིངས་ཡིག་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གྲོས་གཞི་གཉིས་ཀྱི་གསལ་བཤད་དང་།  ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་ཧོ་རུང་གིས་ཁྲིམས་ཆད་ཕོག་མཁན་གནས་སྤོས་དོ་དམ་བྱ་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཡོ་ནན་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆིངས་ཡིག་ལ་གྲོས་ཞིབ་དང་ཆོག་མཆན་འགོད་རྒྱུར་འབུལ་རྒྱུའི་སྐོར་གྱི་གྲོས་གཞིའི་གསལ་བཤད་བྱས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་མངགས་ལྟར་རྒྱལ་ཁབ་གོང་སྤེལ་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞང་ལི་པིན་གྱིས་ད་ལོ་ནས་བཟུང་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་།ནོར་སྲིད་པུའུ་ཡི་པུའུ་ཀྲང་ལན་ཧྥོ་ཨན་གྱིས་ད་ལོ་ནས་བཟུང་གི་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ། 2023ལོའི་སྲིད་གཞུང་གི་བུ་ལོན་དོ་དམ་བྱས་ཚུལ་གྱི་སྙན་ཞུ་བཅས་ཕུལ།

ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རིན་ཨུ་ཡོན་གཞོན་པ་རྒྱུན་ལས་ཨུ་ལྷན་སྔོན་རྩིས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་ཞུས་ཧུང་ཚའེ་ཡིས་ཕུལ་བའི2023ལོ་འཁོར་གྱི་སྲིད་གཞུང་གི་བུ་ལོན་དོ་དམ་གནས་ཚུལ་སྐོར་གྱི་ལྟ་སྐུལ་བརྟག་ཞིབ་སྙན་ཞུར་གསན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། ལོས་ཧེ་ཁྲའོ་ཡིས་བྱིས་གཉོར་ཞབས་ཞུའི་བྱ་བར་སྐུལ་འདེད་གཏོང་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། སྙན་ཞུ་ལས་བྱིས་བཅོལ་ཞབས་ཞུ་བྱ་བའི་འཕེལ་རིམ་དང་གྲུབ་འབྲས་གཙོ་བོ་དང་། གནས་པའི་གནད་དོན་དང་འགྲན་རྩོད་གཙོ་བོ་མཚམས་སྦྱོར་བྱས་པར་མ་ཟད། གོ་རིམ་རྗེས་མར་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས་བཅའ་ཁྲིམས་སྲིད་ཇུས་ཀྱི་འཆར་འགོད་སྦྲེལ་མཐུད་བྱ་བ་བཟང་བོར་བསྒྲུབ་དགོས། བྱིས་བཅོལ་བྱེད་སའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་བྱིས་བཅོལ་ཞབས་ཞུའི་འཕེལ་རྒྱས་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་ལ། ཕྱོགས་བསྡུས་ཇུས་བསྟར་ལ་ཤུགས་སྣོན་བྱས་ནས་ནུས་ཡུན་ཅན་གྱི་རྒྱབ་སྐྱོར་རྐྱེན་སྲོལ་འཛུགས་དགོས། སྨན་གསོ་སྲུང་འབྲེལ་ལ་ཤུགས་བསྣན་ནས་བྱིས་བཅོལ་ཞབས་ཞུའི་སྤུས་ཚད་མཐོར་འདེགས་བྱེད་དགོས་པ་དང་། ཕྱོགས་བསྡུས་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་བྱས་ནས་བྱིས་བཅོལ་ཞབས་ཞུའི་བདེ་ཐང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་བསྟན།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མངག་བཅོལ་ལྟར། དམངས་སྲིད་པུའུ་ཡི་པུའུ་ཀྲང་ལུའུ་ཀྲི་ཡོན་གྱིས་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ནུས་ཤོར་རྒན་པའི་བདག་སྐྱོང་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། སྙན་ཞུ་ལས་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་ནུས་ཤོར་རྒན་པའི་བདག་སྐྱོང་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས་ཤིང་། མདུན་དུ་ལྷགས་པའི་གནས་བབ་དང་གནས་པའི་གནད་དོན་ཐད་ནས་སྔར་ལས་ལྷག་པའི་སྒོ་ནས་མ་ལག་འཛུགས་སྐྲུན་རྒྱུན་འཁྱོངས་བྱས་ནས་རྒན་གསོའི་ཞབས་ཞུའི་མ་ལག་གི་སྤྱིའི་ཇུས་འགོད་འཐུས་ཚང་དུ་གཏོང་དགོས་པ་དང་། རིམ་པ་དང་རིགས་དགར་བ་རྒྱུན་འཁྱོངས་བྱས་ནས་རྒྱུན་མཐུད་ཐུབ་པའི་ཕྱོགས་བསྡུས་བདག་སྐྱོང་འགན་སྲུང་ལེགས་བསྒྱུར་བྱེད་དགོས། མཁོ་འདོན་དང་དགོས་མཁོ་མཐུན་པར་བྱས་ནས་བྱེད་ཐབས་མང་བོས་བདག་སྐྱོང་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཚན་རྩལ་གཞོགས་འདེགས་རྒྱུན་འཁྱོངས་བྱས་ཏེ་རིག་ནུས་རྒན་གསོའི་ལག་རྩལ་གསར་སྤེལ་དང་བེད་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས། བདེ་འཇགས་ཨང་དང་པོར་བརྩི་བ་རྒྱུན་འཁྱོངས་བྱས་ནས་སྤུས་ཚད་དོ་དམ་གྱི་འགོག་ཐིག་སྲ་བརྟན་དུ་གཏོང་དགོས།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝུའུ་ཝེ་ཧྭ་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་ཞིང་ལས་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་སྙན་ཞུར་ཉན། སྙན་ཞུ་ལས་བཅའ་ཁྲིམས་ལག་བསྟར་གྱི་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། གནས་པའི་གནད་དོན་གཙོ་བོ་བསྟན་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་ཞིང་ལས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གྲོས་གཞི་བཏོན། ཁྲིམས་ལྟར་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་དང་འདོན་སྤྲོད་འགན་སྲུང་གི་རྨང་གཞི་ཇེ་བརྟན་དུ་བཏང་ནས། ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་དང་ཞིང་སའི་སྲུང་སྐྱོབ་ལ་ཤུགས་སྣོན་བྱེད་པ་དང་། ཞིང་ལས་ཚན་རྩལ་དང་ཞིང་ལས་སྒྲིག་ཆས་ཀྱི་འདེགས་སྐྱོར་ནུས་པ་འདོན་སྤེལ་བྱེད་པ། ཞིང་ལས་ཀྱི་ལྷད་མེད་འཕེལ་རྒྱས་དང་ཞིང་སྡེའི་ཁོར་ཡུག་ལེགས་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཞིང་བའི་རྒྱུན་མཐུད་གཏན་འཇགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་བཏང་སྟེ། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཀྱི་རྒྱུ་ཆའི་མཁོ་འདོན་ལ་འགན་སྲུང་བྱས་ནས། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་ཀྱི་ཁྲིམས་སྐྱོང་འགན་སྲུང་ཇེ་དྲག་ཏུ་གཏོང་དགོས།

གྲོས་ཚོགས་ནས་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཝུའུ་ཙི་པེ་ཁི་སི་ཐན་དང་ཨུ་རུ་སི་བཅས་ལ་འཚམས་འདྲི་མཛད་པ་དང་། ཨུ་རུ་སི་ནས་སྐབས་བཅུ་བའི་གསེར་གྱོམ་རྒྱལ་ཁབ་ཀྱི་གྲོས་ཁང་གླེང་སྟེགས་དང་ཀྲུང་གོ་དང་ཨུ་རུ་སིའི་གྲོས་ཁང་གི་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་བར་ཞུགས་པའི་ཡིག་ཐོག་གི་སྙན་ཞུར་གྲོས་ཞིབ་བྱས།

གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལཧན་ཁང་གི་ཀྲུའུ་རིན་ཨུ་ཡོན་དབྱང་ཞའོ་ཁྲའོ་ཡིས་ཕུལ་བའི་འཐུས་མི་རེ་འགའི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུར་ཉན།

གྲོས་ཚོགས་ནས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་མི་དམངས་བཅིངས་འགྲོལ་དམག་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གསབ་འདེབས་བྱེད་པའི་སྐོར་གྱི་གྲོས་གཞིར་གྲོས་ཞིབ་བྱས།

གྲོས་ཚོགས་ནས་ད་རུང་འབྲེལ་ཡོད་ཀྱི་བསྐོ་འཇོག་ནང་དོན་ལ་གྲོས་ཞིབ་བྱས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལིས་ཧོང་ཀྲུང་དང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཧའོ་མེན་ཅིན། ཚེ་ཏཱ་ཧྥུན། ཧི་ཝེ། ཐིས་ཉིང་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱ་མཚོ། ཞོས་ཁི་ལའེ་ཏིས་ཀྲ་ཁི་ཨར། དྲུང་ཡིག་ཆེན་མོ་ལིའུ་ཆི་བཅས་གྲོས་ཚོགས་ལ་ཞུགས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིན་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཅུན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཡུན་ཡུང་། རྒྱལ་ཡོངས་དམངས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཁོངས་མི། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན། ཞིང་ཆེན་རིམ་པའི་གྲོང་ཁྱེར་གྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གཙོ་བོ་སྐོར་ཞིག རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་སྐོར་ཞིག འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ལ་ཟུར་དུ་ཞུགས།