ཞི་ཅིན་ཕིང་གིས་པེ་ཅིང་ཞང་ཧྲན་གླེང་སྟེགས་སྐབས་བཅུ་གཅིག་པར་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།
2024.09.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཟླ9པའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཞང་ཧྲན་གླེང་སྟེགས་སྐབས་བཅུ་གཅིག་པར་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་དང་འཛམ་གླིང་མི་དམངས་ཀྱིས་བདེ་འཇགས་དང་བརྟན་བརླིང་ལ་རེ་སྒུག་བྱེད་ཀྱིན་པའི་མིག་སྔའི་གནས་སྟངས་འོག་ཏུ། ཀྲུང་གོས་འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ལག་བསྟར་བྱེད་པ་དང་ཕྱོགས་སོ་སོའི་ཐུན་མོང་གི་ངོས་འཛིན་རྒྱུན་ཆད་མེད་པར་གཅིག་ཏུ་སྒྲིལ་བ། རྒྱལ་སྤྱིའི་འཁྲུག་རྩོད་ཀྱི་འབྱུང་རྩ་མེད་པར་བཟོ་བ། འཛམ་གླིང་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ཀྱི་འཛམ་གླིང་ཞིག་མཉམ་སྐྲུན་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱས་ཡོད། སྐབས་འདིའི་གླེང་སྟེགས་ཀྱིས་འདྲ་མཉམ་དང་སྒོ་འབྱེད། བསྟུན་མཁས། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་ཀྱི་སྙིང་སྟོབས་མུ་མཐུད་རྒྱུན་འཁྱོངས་བྱས་ནས། ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་ཕན་ཚུན་བར་གྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་སྟེ། འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་བདེ་འཇགས་དང་འབྲེལ་བའི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་རྒྱུ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་གསར་པ་གང་མང་འཇོག་དགོས་ཞེས་གསུངས།

པེ་ཅིང་ཞང་ཧྲན་གླེང་སྟེགས་སྐབས་བཅུ་གཅིག་པའི་བརྗོད་དོན་ནི། “མཉམ་དུ་ཞི་བདེ་བསྐྲུན་པ་དང་འབྱུང་འགྱུར་མཉམ་སྤྱོད”ཅེས་པ་དེ་ཡིན་ལ། ཉིན་དེར་པེ་ཅིང་དུ་གླེང་སྟེགས་སྤེལ་འགོ་བརྩམས།

བན་དེ་སྐྱབས་ཀྱིས་བསྒྱུར།