རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས13ཉིན་ཨུ་ཡོན་ཀྲང་གྲོས་ཚོགས་ཐེངས་སོ་གཅིག་པ་བསྡུས། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད།
གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཞིན་ཁྲུན་ཡུན་གྱིས་ཕུལ་བའི་རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་གི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་དང་། བསྡོམས་རྩིས་བཅའ་ཁྲིམས་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་གི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ། རིམ་འཕེལ་རྣམ་པས་ལས་འཁྱུར་ངལ་གསོའི་ལོ་ཚད་ཕྱིར་འགྱངས་བྱེད་པའི་ཆོད་དོན་འཆར་ཟིན་བཟོ་བཅོས་མ་ཡིག་གི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་དང་། འབྲེལ་ཡོད་འཆར་ཟིན་གྱི་བརྡས་གཅོད་མ་ཡིག་ལ་གྲོས་ཞིབ་བྱས།
གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆི་ཡིས་ཕུལ་བའི་བརྡས་གཅོད་བྱེད་པར་འབུལ་རྩིས་ཡོད་པའི་གནད་དོན་གཞན་པའི་གྲོས་ཞིབ་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།
ཨུ་ཡོན་ཀྲང་གྲོས་ཚོགས་ནས་གོང་སྨྲས་ཀྱི་འཆར་ཟིན་སོགས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཅིག་པའི་མཇུག་སྒྲིལ་ཚོགས་འདུར་སྤྲད་ནས་བརྡས་ཐག་གཅོད་དུ་འཇུག་རྒྱུ་ཐག་བཅད།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཧོང་ཀྲུང་དང་། ཝང་ཏུང་མེན། ཞའོ་ཅེ། ཀྲིན་ཅན་པང་། ཧའོ་མེན་ཅིན། ཚེ་ཏཱ་ཧྥུན། ཧི་ཝེ། ཝུའུ་ཝེ་ཧྭ། ཐེ་ཉིང་། ཕིན་ཆིན་ཧྭ། ཀྲང་ཆིན་ཝེ། བློ་བཟང་རྒྱ་མཚོ། ཞོས་ཁི་ལའེ་ཐིས་ཀྲ་ཁི་ཨར་བཅས་གྲོས་ཚོགས་ལ་ཞུགས།
བསོད་ནམས་ཚེ་རིང་གིས་བསྒྱུར།