

ཟླ9པའི་ཚེས20ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གསུང་བཤད་གནང་།
ཟླ9ཚེས20ཉིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད་དེ་གསུང་བཤད་གནང་།
གྲོས་ཚོགས་ལས། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད་ཅིང་། གསུང་བཤད་ཀྱི་དགོངས་པ་ཟབ་ཅིང་མིག་རྒྱང་རིང་ལ། མི་རྣམས་ལ་ཡར་སྐུལ་བྱེད་ཐུབ། དེས་ལོ་རྒྱུས་དང་དངོས་ཡོད། གཞུང་ལུགས་དང་ལག་ལེན། ཀྲུང་གོ་དང་འཛམ་གླིང་ཟུང་སྦྲེལ་དམ་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅིའི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་བཏང་སྟེ། དུས་རབས་གསར་པའི་སྐྱོད་ལམ་གསར་པར་རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཀྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཤིང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་ཚན་རིག་གི་ལམ་སྟོན་དང་བསྲུང་བྱ་འདོན་སྤྲོད་བྱས་ཡོད་པར་འདོད།
གྲོས་ཚོགས་ལས་བསྟན་དོན། དམངས་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། བསླབ་བརྩོན་ལག་ལེན་དང་ཤེས་རྟོགས་ཁྲོད་དུ་ཆབ་སྲིད་ཀྱི་ལངས་གནས་དང་། གཞུང་ལུགས་ཀྱི་ཆུ་ཚད། འགན་སྒྲུབ་ནུས་པ་བཅས་ཇེ་མཐོར་བཏང་ནས། བརྟན་ཐོག་ཡར་འཕེལ་སྒོས་དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སློབ་སྦྱོང་དང་གོ་རྟོགས་ཟབ་མོ་བསྐྱེད་དེ། ཇི་མ་ཇི་བཞིན་སློབ་པ་དང་ཏན་ཏན་ཏིག་ཏིག་གིས་ཤེས་རྟོགས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་དང་གཙོ་སྙིང་བརྗོད་བྱ། ལག་ལེན་བླང་བྱ་བཅས་ལ་གོ་བ་ཟབ་མོ་ལེན་པ་དང་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་འགོ་ཁྲིད་དེ་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་བའི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་ཕྱོགས་ལྔའི་ཐད་ཀྱི་མངོན་གསལ་གྱི་ཆབ་སྲིད་དགེ་མཚན་ལག་ལེན་དུ་བསྟར་བ། དུས་རབས་གསར་པའི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་གཞུང་དང་ལག་ལེན་གསར་གཏོད་གྲུབ་འབྲས། དམངས་ཆེན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འོས་འགན་ལས་འགན་དང་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་འགན་ནུས་བྱེད་ནུས་བཅས་ལ་ངོས་ཤེས་ཟབ་མོ་བསྐྱེད་དགོས། གསུང་བཤད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གཞུང་ལུགས་མ་ལག་ཁྲོད་བཞག་སྟེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་དང་ཟུང་འབྲེལ་བྱས་ནས། མ་ལག་ལྡན་པའི་སློབ་སྦྱོང་དང་སྤྱི་ཡོངས་རང་བཞིན་ཁོང་ཆུད་ཀྱིས་སློབ་སྦྱོང་དང་ལག་བསྟར་བྱ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ལག་བསྟར་དངོས་འབེབས་དམ་འཛིན་བྱས་ཏེ། དམངས་ཆེན་གྱིས་རྩ་ཁྲིམས་བཅའ་ཁྲིམས་ཁྱོན་ཡོངས་ནུས་ལྡན་སྒོས་ལག་བསྟར་བྱེད་པར་འགན་ལེན་བྱེད་པའི་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་པ་དང་། དམངས་ཆེན་གྱི་ཁྲིམས་འཛུགས་བྱ་བའི་ཁྲོད་ཀྱི་གཙོ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། དམངས་ཆེན་གྱི་ཏང་དང་རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་མ་ལག་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་ཧུར་ཐག་བྱེད་པ། དམངས་ཆེན་གྱི་མི་དམངས་མང་ཚོགས་ཀྱི་འབྲེལ་གཏུག་དམ་ཟབ་ཁྲོད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་བཟང་པོ་དང་འཐུས་ཚང་ཡག་པོ། འཁོར་སྐྱོད་གང་ལེགས་བྱེད་དགོས། ལས་ཁུངས་བཞིའི་བླང་བྱ་ལྟར། རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་པའི་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། བྱེད་ཕྱོགས་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་ལ་དངོས་སུ་ཤུགས་བསྣན་ཏེ། དུས་རབས་གསར་པའི་བསྐྱོད་ལམ་གསར་པའི་དམངས་ཆེན་བྱ་བའི་སྤུས་ཚད་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། དྲིལ་སྒྲོག་ཞིབ་འཇུག་ལ་ཤུགས་སྣོན་བྱས་ཏེ། ལོ་འཁོར70གོ་སྐབས་སུ་བརྩི་བ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་ཀྱི་ལོ་རྒྱུས་རྩ་རྒྱུན་དང་། རིན་ཐང་འདུ་ཤེས། འཁོར་སྐྱོད་ཆོས་ཉིད། དགེ་མཚན་བྱེད་ནུས་བཅས་སྤྱི་བསྡོམས་དང་ཞིབ་འཇུག དྲིལ་སྒྲོག་གཏིང་ཟབ་བྱེད་པ་དང་། བགྲོད་ལམ་དང་ལམ་ལུགས། ཁ་ཕྱོགས་དང་འབྲེལ་བའི་གཞི་རྩའི་གནད་དོན་སྟེང་ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་བྱེད་དགོས་ཤིང་། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་དྲིལ་སྒྲོག་གསལ་འགྲེལ་བྱ་བར་ཤུགས་བསྣན་ནས། རྒྱལ་ཁབ་ཀྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་མི་ཚང་མའི་བློ་ཁོག་ཏུ་སིམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ་ལིས་ཧུང་ཀྲུང་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་ཝང་ཏུང་མེན་དང་། ཞའོ་ཅེ། ཐའེ་ཉིང་། ཕིན་ཆིན་ཧྭ། བློ་བཟང་རྒྱལ་མཚན། ལིའུ་ཆི་བཅས་གྲོས་ཚོགས་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།