བསྟུད་མུར་ཉིན་འགའི་རིང་ལ། ཁྲུང་ཆིན་དང་སི་ཁྲོན། ཧྥུའུ་ཅན། ཉིང་ཞ་སོགས་ཀྱི་སྒྲོག་འགྲེལ་ཚོགས་པ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་དེ། སྒྲོག་འགྲེལ་བྱེད་སྟངས་གསར་པར་བརྟེན་ནས་རིགས་དབྱེ་དང་མང་ཚོགས་དབྱེ་བའི་སྒོ་ནས་སྒྲོག་འགྲེལ་གང་ལེགས་བྱས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་མང་ཚོགས་ཀྱི་ཉེ་གམ་ནས་དྲིལ་སྒྲོག་བྱས།
ཁྲུང་ཆིན་གྱིས་གྲོང་ཁྱེར་རིམ་པའི་སྒྲོག་འགྲེལ་རུ་ཁག་དང་གཞི་རིམ་ལས་བྱེད་མང་ཚོགས་ཀྱི་སྒྲོག་འགྲེལ་རུ་ཁག་ཟུང་འབྲེལ་སྒོས་མཐོ་རིམ་སློབ་ཆེན་དང་སྡེ་ཁུལ། ཁེ་ལས་དང་བཟོ་གྲྭ་སོགས་སུ་བསྐྱོད་དེ། གཅིག་སྡུད་སྒྲོག་འགྲེལ་དང་སློབ་སྦྱོང་བརྗེ་རེས་ཚོགས་འདུ། དྲ་ཐོག་མཉམ་འགུལ་སོགས་ཀྱི་རྣམ་པར་བརྟེན་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་མི་སེམས་ཀྱི་ཟབ་ས་རུ་ཟུག་ཐུབ་པའི་ཐད་སྐུལ་འདེད་ནུས་ལྡན་བཏང་།
སི་ཁྲོན་ཞིང་ཆེན་གྱིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཆེད་མཁས་པ། མཁས་པ། ངལ་རྩོལ་དཔེ་བཟང་གི་བཟོ་པ་སོགས་ཞིང་ཆེན་རིམ་པའི་སྒྲོག་འགྲེལ་ཚོགས་པ17བཙུགས་ནས་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱེད་པར་བསྐྱོད་པ་དང་། སློབ་གསོ་ཕྱོགས་བསྡུས་བཅོས་སྒྱུར་ཟབ་སྤེལ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམ་པོར་དམིགས་ཏེ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པ། གསོན་ཉམས་ལྡན་པ་བཅས་ཀྱི་སྒོ་ནས་འགྲེལ་བཤད་གང་ལེགས་བྱས།
ཉིང་ཞའི་རིམ་པ་སོ་སོའི་སྒྲོག་འགྲེལ་ཚོགས་པས་སྤྱི་ཚོགས་ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱི་ལས་བྱེད་པ་དང་ན་གཞོན་ཆེད་མཁས་པ། དེ་བཞིན་གྲོང་གསེབ་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་སོགས་འཇོན་མི་སྣ་ཚོགས་བསྡུས་ཏེ། གོ་བདེ་ཞིང་ཤེས་སླ་བའི་ཐབས་ལ་བརྟེན་ནས་གཞི་རིམ་དུ་དམིགས་ཡུལ་ཅན་དང་རིགས་དབྱེ་ཅན། མཉམ་འགུལ་ཅན་བཅས་ཀྱི་སྒོ་ནས་སྒྲོག་འགྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱ་ཁྱབ་ངང་སྤེལ་ཐུབ་པར་འགན་ལེན་གང་ལེགས་བྱས།
ཧྥུའུ་ཅན་དུ་ཞིང་ཆེན་ཡོངས་ཀྱི་ལས་རིགས་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་སྒྲོག་འགྲེལ་མི་སྣས་འཐབ་ཕྱོགས་དང་པོ་ནས་རྒྱུ་ཆ་འཚོལ་བསྡུ་བྱས་ཏེ། འགོ་ཁྲིད་ལས་བྱེད་པས་སྲིད་ཇུས་འཆད་པ་དང་གྲོང་པ་ཁྱིམ་མཚེས་ཀྱིས་གཏམ་རྒྱུད་འཆད་པ། གཞོན་ནུ་འཇོན་མིས་འབད་འཐབ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གོ་སླ་ཅན་དང་སྤྱི་དམངས་ཅན་གྱི་སྒོ་ནས་མཚོན་གང་ཐུབ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མི་སེམས་སུ་ཟུག་པར་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།