ཞི་ཅིན་ཕིང་གིས་ཏིས་སཱ་ནཱ་ཡཱ་ཁིས་སིང་ག་ལའི་ཙུང་ཐུང་གི་འགན་བཞེས་པར་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།
2024.09.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 6

ཟླ9པའི་ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏིས་སཱ་ནཱ་ཡཱ་ཁི་ལ་གློག་འཕྲིན་བཏང་ནས། ཁོས་སིང་ག་ལ་དམངས་གཙོ་སྤྱི་ཚོགས་རིང་ལུགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སིང་ག་ལ་ནི་སྲོལ་རྒྱུན་གྱི་མཛའ་མཐུན་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན།     ཀྲུང་གོ་དང་སིང་ག་ལའི་བར་འབྲེལ་བ་བཙུགས་ནས་ལོ67འཁོར་བའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས། རྒྱལ་ཁབ་ཆེ་ཆུང་མི་འདྲ་བའི་བར་མཛའ་མཐུན་མཉམ་གནས་དང་གཉིས་ཕན་མཉམ་ལས་ཀྱི་དཔེ་སྟོན་གྱི་ནུས་པ་ཐོན་ཡོད།     ངས་ཀྲུང་གོ་དང་སིང་ག་ལའི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད།    སྐུ་ཞབས་ཙུང་ཐུང་དང་མཉམ་དུ་འབད་བརྩོནབྱས་ཏེ་སྲོལ་རྒྱུན་གྱི་མཛའ་བརྩེ་མུ་མཐུད་དུ་རྒྱུན་འཛིན་དང་།    ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ།    ཀྲུང་གོ་དང་སིང་ག་ལའི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་དང་།    ཀྲུང་གོ་དང་སིང་ག་ལས་ལྷག་བསམ་ཟོལ་མེད་ངང་ཕན་ཚུན་རོགས་རམ་བྱེད་པ་དང་མི་རབས་ནས་མི་རབས་བར་མཛའ་མཐུན་གྱི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བརྟན་པོའི་ངང་ཡུན་རིང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་འདོད་ཡོད།

ཤ་བོ་རིན་མཚོས་བསྒྱུར།