ཏེན་ཞུའེ་ཞང་སྐབས21པའི་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་འགྲེམ་སྟོན་འདུ་ཚོགས་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་མའི་རྒྱལ་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་རྩེ་ཚོགས་སུ་ཞུགས་རྒྱུ་རེད།
2024.09.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལིན་ཅན་གྱིས་ཚེས23ཉིན་ཁྱབ་བསྒྲགས་བྱས་དོན། ཟླ9པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་ཀོང་ཞི་ནན་ཉིན་དུ་སྤེལ་རྒྱུ་ཡིན་པའི་སྐབས21པའི་ཀྲུང་གོ་དང་ཨ་ཤེ་ཡ་ཤར་ལྷོའི་རྒྱལ་བ་མནའ་འབྲེལ་གྱི་འགྲེམ་སྟོན་འདུ་ཚོགས་དང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་མནའ་འབྲེལ་གྱི་ཚོང་དོན་དང་དངུལ་གཏོང་རྩེ་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་འབུལ་རྒྱུ་རེད་ཟེར།

མཱ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་གྱིས་བརྙན་རིས་ཤིས་ཚིག་འབུལ་རྒྱུ་ཡིན་པ་དང་། ཁམ་ཕི་ཁྲེ་ཡི་དབུ་བཞུགས་བློན་ཆེན་གཞོན་པའམ་ནེ་ཀི་གཞུང་སྒྲུབ་ཐིན་གྱི་བློན་ཆེན་ཝུན་སའེ་ཝེ་སའོ་དང་། ལའོ་ཝོ་ཡི་ཙུང་ལི་གཞོན་པ་ཅི་ཆའོ། ཡོ་ནན་གྱི་ཙུང་ལི་གཞོན་པའམ་ནོར་སྲིད་པུའུ་ཀྲང་ཧུའུ་ཏི་ཧྥུའུ་སོགས་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་མཐོ་རིམ་དཔོན་པོ། དེ་མིན་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་བ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཀའོ་ཅིན་ཧུང་སོགསའགོ་རྩོམ་མཛད་སྒོར་ཞུགས་རྒྱུ་རེད།

ཤ་བོ་རིན་མཚོས་བསྒྱུར།