ཞིང་ཆེན་ཡོངས་ཀྱིས་བདེ་འཇགས་ཐོན་སྐྱེད་དང་སྟོན་དགུན་དུས་ཚིགས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཐད་ཀྱི་གྲོས་ཚོགས་བསྡུས།
2024.09.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 17

ཟླ9པའི་ཚེས24ཉིན། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་དང་སྟོན་དགུན་དུས་ཚིགས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་བརྙན་རིས་གྲོས་ཚོགས་གྲོལ་རྗེས། རང་ཞིང་གིས་དེར་མཐུད་ནས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་སྟོན་དགུན་དུས་ཚིགས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཐད་ཀྱི་གྲོས་ཚོགས་བསྡུས་ནས། ལག་བསྟར་དོན་འཁྱོལ་བྱེད་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཧྲིན་ཀྲང་།  ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཀྲུན་རིན་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝུའུ་ཞའོ་ཅུན་གྱིས་བསྟན་དོན། མིག་སྔར་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་གནས་བབ་ཧ་ཅང་ཛ་དྲག་ཆེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། ཐོག་མཐའ་བར་གསུམ་དུ་མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ།  བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་དངོས་འབེབས་བྱེད་པ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་གྱི་འགུལ་སྐྱོད་སྤེལ་བ་དང་། དུས་ནམ་ཡིན་རུང་སེམས་ཁུར་བྱེད་པའི་འགན་འཁྲིའི་འདུ་ཤེས་དེ་བྱ་བ་ཅི་ཞིག་བསྒྲུབ་རུང་གདེང་ཚོད་ཡོད་པའི་འགུལ་སྐྱོད་ནུས་པར་བསྒྱུར་ཏེ། ནུས་ཤུགས་ཡོད་རྒུས་ཉེན་ཁ་སྔོན་འགོག་དང་། བདེ་འཇགས་བརྟན་སྲུང་། བརྟན་བརླིང་སྲུང་སྐྱོབ་བྱེད་པ་བཅས་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ་དང་། བདེ་འཇགས་ཆུ་ཚད་མཐོར་འདེགས་བཏང་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་དགོས་པ་བསྟན།

ཝུའུ་ཞའོ་ཅུན་གྱིས་ནན་གྱིས་བསྟན་དོན། མང་ཚོགས་ཉེ་འགྲམ་གྱི་མི་མངོན་པའི་ཉེན་ཁ་གྲལ་བཤེར་དང་དག་ཐེར་ལེགས་བཅོས་བྱེད་པར་ཤུགས་སྣོན་པ་དང་། གནས་ཡུལ་ཆུང་བ་དགུ་དང་ལས་རྣམ་མང་པོ་མཉམ་འདྲེས་ཐོན་སྐྱེད་ཚོང་གཉེར་བྱེད་ས། མི་སྣ་འདུས་སྡོད་མང་ས་དང་། དུས་མཚམས་གལ་ཆེན། བྱ་འགུལ་གཙོ་བོ་བཅས་ལ་དམ་པོར་དམིགས་ནས། ཁྲིམས་འགལ་གྱིས་ཚོང་གཉེར་བྱེད་པ་དང་། ཁྲིམས་འགལ་གྱིས་ལས་གཞི་འཛུགས་སྐྲུན་བྱེད་པ། ཁྲིམས་འགལ་གྱིས་འབར་སླ་བ་དང་འབར་ཆོག་པའི་རྒྱུ་ཆ་སྤྱད་ནས་མཛེས་བཟོ་དང་མཛེས་སྤྲས་བྱེད་པ། ཁ་འགྲེམ་བགྲོད་ལམ་འགོག་པ་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་དག་ཐེར་ལེགས་བཅོས་བྱེད་པ་དང་། ཕྱོགས་ཡོངས་ནས་བདེ་འཇགས་ཐད་ཀྱི་མི་མངོན་པའི་ཉེན་ཁ་སེལ་ཏེ། གང་ས་གང་དུ་གནད་དོན་མེད་པར་ཁག་ཐེག་བྱེད་དགོས། ལས་རིགས་གཙོ་བོའི་ཁྱབ་ཁོངས་ཀྱི་མི་མངོན་པའི་ཉེན་ཁ་གྲལ་བཤེར་དང་དག་ཐེར་ལེགས་བཅོས་བྱེད་པར་ཤུགས་སྣོན་བྱེད་ཅིང་། བགྲོད་ལམ་འགྲིམ་འགྲུལ་དང་། གྲོང་ཁྱེར་གྱི་འབར་རླངས། གློག་སྒུལ་ལྕགས་རྟ། གཏེར་རི། འཛུགས་སྐྲུན་ལས་གནས། ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས། ཡུལ་སྐོར་ལྗོངས་ཁུལ། མེ་འགོག་མེ་གསོད། ས་རྒྱུའི་གནོད་འཚེ། ཤོག་སྦག་སོགས་ཁྱབ་ཁོངས་གཙོ་བོར་དམ་པོར་དམིགས་ཏེ། ཡོངས་ཁྱབ་རྣམ་པས་མི་མངོན་པའི་ཉེན་ཁ་གྲལ་བཤེར་དང་དག་ཐེར་ལེགས་བཅོས་བྱེད་པ་དང་། ལས་རིགས་བདེ་འཇགས་ཀྱི་གནས་བབ་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་གྲལ་བཤེར་དང་དག་ཐེར་ལེགས་བཅོས་བྱེད་པར་ཤུགས་སྣོན་པ་དང་། ཕྱི་རོལ་གྱི་མེ་ཁུངས་དོ་དམ་ཚོད་འཛིན་དང་མི་དམངས་ཀྱི་འགོག་ར་གཉིས་ལ་དམ་པོར་དམིགས་ནས། རྒྱལ་ཁབ་སྤྱི་གླིང་དང་གྲོང་ཁྱེར་གྱི་རི་ངོས།  ནགས་ཚལ་སྤྱི་གླིང་སོགས་ས་གནས་གཙོ་བོ་འབུར་དུ་ཐོན་པར་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁ་ཐག་གཅོད་བྱེད་པ་དང་ཁྲིམས་འགལ་གྱིས་མེ་སྤྱོད་པའི་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་བྱེད་པའི་ཆེད་དོན་འགུལ་སྐྱོད་ལེགས་པོར་སྤེལ་བ་དང་། དྲ་རྒྱ་ཅན་གྱི་དོ་དམ་ལ་ཤུགས་སྣོན་བྱེད་ཅིང་། སྔོན་བརྡ་དང་ཉེན་སྟོན་ཞིབ་བཤེར་ཚད་ལེན་ལ་ཤུགས་སྣོན་པ་དང་། རྒྱུན་རྣམ་ཅན་དང་ཡོངས་ཁྱབ་སྒོས་མེ་འགོག་དྲིལ་སྒྲོག་སློབ་གསོར་སྐུལ་འདེད་བཏང་སྟེ། ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གྱི་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་ལ་རྒྱུན་མཐུད་སྒོས་ཤུགས་སྣོན་དགོས་པར་བསྟན།

ཝུའུ་ཞའོ་ཅུན་གྱིས་ཕྱོགས་ཡོངས་ནས་བྱ་བའི་འགན་འཁྲི་དངོས་འབེབས་བྱེད་པ་དང་། ཏང་སྲིད་གཉིས་ཀྱི་ལས་འགན་གཅིག་ལྕོགས་སུ་ཁུར་བ་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་ཁུར་བ། མཉམ་འཛིན་མཉམ་སྐྱོང་བྱེད་པ། ལས་འགན་མ་ཁུར་ན་འགན་འཁྲི་བདའ་འདེད་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་ཅིང་། དོ་དམ་གསུམ་དང་ངེས་པར་དུ་གསུམ་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་། དོན་རྐྱེན་ཚབས་ཆེན་གྱི་མི་མངོན་པའི་ཉེན་ཁ་བརྡར་གཅོད་ཚད་གཞིར་སློབ་སྦྱོར་བྱེད་པར་ཤུགས་སྣོན་བྱས་ནས། ཁྱབ་བསྒྲགས་གླེང་མོལ་དང་ཉེན་བརྡ་གཏོང་བ། ཞུ་གཏུག་ཞིབ་བཤེར་བཅས་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་དང་ལྟ་སྐུལ་ཁྲིམས་སྐྱོང་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་གཞི་རིམ་རྨང་གཞི་སྲ་བརྟན་གཏོང་བ་དང་། ཐོན་ཁུངས་དང་སྟོབས་ཤུགས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་སྟེ། གསལ་ཁྲ་གཉིས་དང་རེའུ་མིག་བཞིའི་རྣམ་པ་རྒྱུན་མཐུད་སྒོས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་། གཞི་རིམ་གྱི་འཕྲལ་བསྟུན་དོ་དམ་ནུས་པ་མཐོར་འདེགས་གཏོང་དགོས། འཕྲལ་བསྟུན་ལས་རེས་ལས་སྲུང་ལེགས་པོར་བསྒྲུབ་པ་དང་། འཕྲལ་བསྟུན་གྲ་སྒྲིག་ལ་ཤུགས་སྣོན་བྱེད་ཅིང་། ནུས་ཤུགས་ཡོད་རྒུས་བདེ་འཇགས་རིག་གནས་དར་སྤེལ་བཏང་སྟེ། བདེ་འཇགས་ཐོན་སྐྱེད་ཀྱི་མི་དམངས་ཀྱི་འགོག་ར་བརྟན་པོར་འཛུགས་དགོས་པ་བཅས་ཀྱི་བླང་བྱ་བཏོན།

ལིའུ་ཁྲའོ་ཡིས་འགོ་འཛིན་བྱས་པ་དང་། ལིས་ཧོང་ཡཱ་དང་ཧི་ལིའུ་ཁྲུན་གཉིས་གྲོས་ཚོགས་ལ་ཞུགས།

ལྷ་མོ་འཚོས་བསྒྱུར།