ཟླ9ཚེས24ཉིན། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉེར་བཞི་པ་པེ་ཅིང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་འགོ་འཛིན་བྱས་ཏེ་གཏམ་བཤད།
ཟླ9པའི་ཚེས24ཉིན། སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉེར་བཞི་པ་པེ་ཅིང་དུ་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་འགོ་འཛིན་བྱས་ཏེ་གསུང་བཤད་གནང་།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་འཁོར75ལོན་པའི་རྟེན་འབྲེལ་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས། ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྟེན་འབྲེལ་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་སྟེ། མི་དམངས་སྲིད་གྲོས་ཀྱི་ལོ་རྒྱུས་བྱས་རྗེས་ལ་གདེང་འཇོག་ཚད་མཐོན་པོ་མཛད་པ་དང་། མི་དམངས་སྲིད་གྲོས་ཀྱི་མངོན་པར་གསལ་བའི་ཀྲུང་གོའི་ཁྱད་ཆོས་དང་ཁྱད་འཕགས་ཀྱི་ཆབ་སྲིད་དགེ་མཚན་གསལ་འགྲེལ་གཏིང་ཟབ་མཛད་ཅིང་། གྲོས་མོལ་དམངས་གཙོ་ཁྱབ་ཆེ་ཞིང་རིམ་པ་མང་པོའི་སྒོ་ནས་སྤེལ་བའི་ལམ་ལུགས་ཅན་གྱི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་ཆེད་བླང་བྱ་ཁ་གསལ་བཏོན་པ་དང་། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་མི་དམངས་སྲིད་གྲོས་བྱ་བ་བཟང་པོར་སྒྲུབ་པར་བཀོད་སྒྲིག་ཆ་ཚང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་ནི་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་གསུངས་པའི་རྒྱུན་འཁྱོངས་བཅུར་སྟངས་འཛིན་ནན་མོ་བྱས་ནས། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་མི་དམངས་སྲིད་གྲོས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་མཛུབ་སྟོན་དང་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། ལག་བསྟར་བཅས་བྱས། ཝང་ཧུའུ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། སྲིད་གྲོས་ཨུ་ཡོན་རྩ་འཛུགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སློབ་གསོ་ཕྱོགས་བསྡུས་བཅོས་སྒྱུར་སྐོར་གྱི་བཀོད་སྒྲིག་བླང་བྱ་དངོས་འབེབས་བྱེད་པར་དམིགས་པ་དང་། སྤྱོད་བཟང་དཔེ་སྐྱོང་གི་རྩ་བའི་ལས་འགན་དངོས་འབེབས་བྱེད་པ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བསམ་གཞིགས་གང་མང་གཏོང་རྒྱུ་གཙོར་བཟུང་ནས། ཁ་གཏད་རང་བཞིན་གྱི་ཐབས་ཇུས་གྲོས་གཞི་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། གནས་ཚུལ་གསར་པ་དང་གནད་དོན་གསར་པར་དམིགས་ནས་རྒྱུན་མཐུད་སྒོས་འགན་སྒྲུབ་ཇུས་འབུལ་བྱས་ནས། དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བ་དང་། རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་ཤུགས་འདོན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་སྐབས་སུ་གནང་བའི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། སྤྱི་བའི་ཕྱི་འབྲེལ་དང་དམངས་ཁྲོད་ཕྱི་འབྲེལ། རིག་མཛོད་ཕྱི་འབྲེལ་བཅས་ཀྱི་ཁྲོད་ཧུར་ཐག་གིས་ཟབ་ཞུགས་བྱས་ནས། ཀྲུང་གོའི་གཏམ་རྒྱུད་དང་ཀྲུང་གོ་མི་དམངས་ཀྱི་དམངས་གཙོའི་གཏམ་རྒྱུད་ལེགས་པོར་འཆད་དགོས་ཞེས་བསྟན།
གྲོས་ཚོགས་ལས་བཟོ་བཅོས་གྲོས་འཆམ་བྱུང་རྗེས་ཀྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་དམངས་འདོད་ཆ་འཕྲིན་ལ་ཕྱིར་ལན་སྤྲོད་པའི་བྱ་བའི་རྐྱེན་སྲོལ་དང་། སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ལོ་མཇུག་གྲོས་མོལ་འཆར་གཞི་གཏན་འབེབས་བྱ་བའི་བྱེད་ཐབས་ལ་གྲོས་ཞིབ་བྱས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲིན་ཡུའེ་ཡུའེ་དང་། ཝང་ཡུང་། ཧྲའོ་ཧུང་། ཀའོ་ཡུན་ལུང་བཅས་ཀྱི་བརྗེ་རེས་གཏམ་བཤད་སྤེལ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐེ་ཧྥིན་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ་དང་། ཀྲོའུ་ཆང་། ཧི་ཧིག་ཧྭ། ལེང་ཀྲིན་དབྱིན། པ་ཐིར། ཁྲིན་ཝུའུ། མུའུ་ཧུང་། ཞན་ཧོས། ཝང་ཏུང་ཧྥིན། ཅང་ཙོ་ཅུན། ཧི་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། དབྱང་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།
རིག་འཛིན་སྒྲོལ་མས་བསྒྱུར།