ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་ཞུགས་དམིགས་བསལ་དུ་འཛིན་པའི་འཐབ་ཇུས་ལག་བསྟར་བྱས་ནས་སྤུས་ཚད་མཐོན་པོས་ལས་ཞུགས་ཡག་པོ་ཡོང་བར་ཡར་སྐུལ་བྱེད་པའི་སྐོར་གྱི་བསམ་འཆར་པར་འགྲེམ་བྱས།
2024.09.26 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 13

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ལས་ཞུགས་དམིགས་བསལ་དུ་འཛིན་པའི་འཐབ་ཇུས་ལག་བསྟར་བྱས་ནས་སྤུས་ཚད་མཐོན་པོས་ལས་ཞུགས་ཡག་པོ་ཡོང་བར་ཡར་སྐུལ་བྱེད་པའི་སྐོར་གྱི་བསམ་འཆར》པར་འགྲེམ་བྱས།

《བསམ་འཆར》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་།    མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ངལ་རྩོལ་པའི་རང་བདག་ལས་ཞུགས་དང་།    ཁྲོམ་རས་ལས་ཞུགས་སྙོམས་སྒྲིག་བྱེད་པ།    སྲིད་གཞུང་གིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ།    ལས་སྐྲུན་ལ་སྐུལ་ལྕག་བྱེད་པ་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྨང་གཞིར་བྱེད་པ་དང་།    ལས་ཞུགས་དམིགས་བསལ་དུ་འཛིན་པའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་སྣེ་ཁྲིད་བྱེད་པ།    ལས་ཞུགས་དམིགས་བསལ་དུ་འཛིན་པའི་སྲིད་ཇུས་ཇེ་དྲག་ཏུ་གཏོང་རྒྱུ་བྱེད་ཐབས་སུ་བྱས་ནས།    གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་ཀྱི་འགལ་བ་ཐག་གཅོད་པ་དེ་འགོ་རྩོམ་སར་བརྩིས་ཏེ། ལས་ཞུགས་ཀྱི་སྒྲིག་ལུགས་རྐྱེན་སྲོལ་བཅོས་སྒྱུར་གཏིང་ཟབ་བྱ་རྒྱུ་སྒུལ་ཤུགས་སུ་བརྩིས་ཤིང་།    གཞི་ཁྱོན་རང་བཞིན་གྱི་ལས་ཤོར་གྱི་ཉེན་ཁ་མི་འབྱུང་བར་བྱ་རྒྱུ་དེ་ཚད་མཐའ་རུ་བྱས་ནས་ལས་ཞུགས་ཀྱི་སྤུས་ཚད་ནུས་ལྡན་སྒོས་མཐོ་རུ་གཏོང་བ་དང་གྲངས་ཀ་ལུགས་མཐུན་ངང་འཕར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ།    ངལ་རྩོལ་པའི་བྱ་བ་བརྟན་འཇགས་དང་ཡོང་འབབ་ལུགས་མཐུན།    འགན་སྲུང་བརྟན་པོ་ཡིན་པ། ལས་རིགས་བདེ་འཇགས་སོགས་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་ངལ་རྩོལ་པའི་ཐོབ་ཚོར་དང་སྐྱིད་སྣང་། བདེ་ཚོར་བཅས་མུ་མཐུད་དུ་ཇེ་དྲག་ཏུ་བཏང་ནས།    ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

འབད་བརྩོན་བྱས་པ་བརྒྱུད།    ལས་ཞུགས་གོ་སྐབས་མང་བ་དང་ལས་ཞུགས་ཁོར་ཡུག་འདྲ་མཉམ་ཡིན་པ།    ལས་ཞུགས་ཀྱི་གྲུབ་ཚུལ་ལེགས་སྒྱུར།    མི་དང་ལས་གནས་བཀོད་སྒྲིག་བྱེད་པའི་ཕན་འབྲས་ཆེ་བ།    ངལ་རྩོལ་འབྲེལ་བ་འཆམ་མཐུན་བཅས་ཀྱི་རྣམ་པ་རིམ་བཞིན་ཆགས་པ་དང་། མ་ལག་འདུས་གྲུབ་དང་མཐུན་སྦྱོར་མཉམ་འགུལ།    གཞི་གྲངས་ནུས་སྤྲོད།    དོ་དམ་ཚན་རིག་དང་མཐུན་པ།    ཁྲིམས་སྐྱོང་འགན་སྲུང་བཅས་ཀྱི་ལས་ཞུགས་བྱ་བའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ཡོད།     མཁར་གྲོང་གི་ལས་ཞུགས་བརྟན་པོའི་ངང་འཕར་བ་དང་།    ལས་ཤོར་གྱི་ཚད་ལ་ཚོད་འཛིན་ནུས་ལྡན་བྱས་ཤིང་།    ངལ་རྩོལ་ནང་ཞུགས་ཚད་གཞི་རྩའི་ཆ་ནས་བརྟན་པོ་ཡིན་པ།    དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་མགྱོགས་མྱུར་སྒོས་བསྐྲུན་པ།    ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ།    ཡོང་འབབ་འབྲིང་རིམ་གྱི་མི་ཚོགས་ཀྱི་གཞི་ཁྱོན་བརྟན་པོའི་ངང་རྒྱ་ཆེར་གཏོང་བ།    སྤྱི་ཚོགས་ཀྱི་ཉེན་ཚབ་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ།    ངལ་རྩོལ་པའི་ལས་ཞུགས་ཁེ་དབང་ལ་སྲུང་སྐྱོབ་ནུས་ལྡན་བཅས་བྱས་ཏེ། མི་ཚང་མར་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་རང་ཉིད་འཕེལ་རྒྱས་སུ་འགྲོ་བའི་གོ་སྐབས་ཐོབ་པར་བྱེད་དགོས།

《བསམ་འཆར》ནང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་ལས་ཞུགས་མཐུན་སྦྱོར་མཉམ་འགུལ་ལ་ཡར་སྐུལ་བྱེད་པ། ནུས་ཤུགས་ཡོད་རྒུས་གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཐག་གཅོད་བྱེད་པ།    གཙོ་གནད་ཚོགས་སྤྱིའི་ལས་ཞུགས་རྒྱབ་སྐྱོར་མ་ལག་འཐུས་ཚང་དུ་གཏོང་བ།    གནད་འཁེལ་ནུས་མཐོའི་ལས་ཞུགས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ།    ངལ་རྩོལ་པའི་ལས་ཞུགས་ཁེ་དབང་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་བ།    སྤུས་ཚད་མཐོན་པོས་ལས་ཞུགས་ཡག་པོ་བྱེད་པའི་བྱ་བའི་མཉམ་ཤུགས་གཅིག་བསྡུས་བྱེད་པ་སོགས་ཀྱི་ཐད་བཀོད་སྒྲིག་སྣ24བྱས་ཡོད།

ཤ་བོ་རིན་མཚོས་བསྒྱུར།