ཟླ9པའི་ཚེས24ཉིན། ཞིང་ཆེན་ཏང་ཨུ་འཐད་པ་བྱུང་བ་བརྒྱུད། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་སྐོར་གཟིགས་ཐེངས་དྲུག་པའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་མཱའེ་ཕིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་སྟེང་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་བཅས་ལ་གོ་བ་ཟབ་མོ་བླངས་ནས། སྐོར་ཞིབ་བྱེད་པའི་ས་ཁུལ་དང་སྡེ་ཁག་གི་ཁྱད་ཆོས་དང་འགན་ནུས་འགན་འཁྲི་ལ་དམ་པོར་དམིགས་ཤིང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ཐོན་ལས་ཀྱི་གནས་བཞི་འཕེལ་རྒྱས་གཏོང་བ། མི་རིགས་དང་ཆོས་ལུགས་བྱ་བ། དམངས་འཚོའི་འགན་སྲུང་དང་ལེགས་སྒྱུར་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་སོགས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་གཅིག་སྡུད་བྱས་ནས་ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་། དུས་ཐོག་ཏུ་ནོར་འཁྲུལ་ཡོ་བསྲང་དང་བཅོས་སྐྱོང་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་སྲུང་སྐྱོང་གཉིས་ལག་བསྟར་བྱེད་དགོས།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སྐོར་ཞིབ་བྱེད་ཐབས་གསར་གཏོད་བྱེད་པ་དང་། ལྟ་སྐུལ་གྱི་སྤུས་ཀ་ཇེ་ལེགས་དང་ཕན་ནུས་ཇེ་མཐོར་གཏོང་དགོས། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་། ཆབ་སྲིད་ལ་བརྟེན་ནས་གནད་དོན་མཐོང་བ་དང་གནད་དོན་ལ་དབྱེ་ཞིབ་བྱེད་པའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། གཅིག་གྱུར་མཉམ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། གཞན་པར་ལྟ་སྐུལ་བྱེད་པའི་སྦྲེལ་མཐུད་མཉམ་འདྲེས་ལ་ཤུགས་བསྣན་ནས། ནུས་ཤུགས་ཡོད་རྒུས་མ་ལག་རང་བཞིན་དང་ཁྱབ་ཁོངས་རང་བཞིན་གྱི་གནད་དོན་མཐོང་བ་དང་། སྐོར་ཞིབ་ཀྱི་ཟིལ་ཤུགས་དང་ཐིམ་སིམ་ནུས་པ། སྐུལ་འདེད་ནུས་པ་བཅས་ལ་ཤུགས་སྣོན་དགོས། སྒྲིག་ལམ་ནན་མོ་དང་སྤྱོད་ཚུལ་ལེགས་སྒྱུར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཏང་ཨུའི་སྣང་བརྙན་ལེགས་པོར་སྲུང་སྐྱོབ་བྱེད་དགོས།
ཐེངས་འདིའི་སྐོར་ཞིབ་དེ་ཟླ9པའི་ཟླ་སྨད་ནས་ཟླ12པའི་ཟླ་དཀྱིལ་བར་སྤེལ་རྒྱུ་ཡིན་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་དེའི་ཁོངས་གཏོགས་ཀྱི་གྲོང་ཁྱེར་དང་བྱ་བའི་ཨུ་ཡོན་ལྷན་ཁང་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་དེའི་ཁོངས་གཏོགས་ཀྱི་རྫོང་ནས་རྒྱུན་རྣམ་སྐོར་ཞིབ་སྤེལ་རྒྱུ་ཡིན་པ་དང་། མཚོ་ནུབ་ཁུལ་དང་མཚོ་བྱང་ཁུལ་གྱི་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་། ཁུལ་ཨུའི་རྩ་འཛུགས་པུའུ་ལ་རིམ་སྤོར་སྐོར་ཞིབ་བྱ་རྒྱུ་ཡིན་ལ། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་སྡོད་ཁང་དང་གྲོང་གསེབ་འཛུགས་སྐྲུན་ཐིན་བཅས་ལ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པར་སྲུང་སྐྱོབ་བྱེད་པའི་ཆེད་དོན་སྐོར་ཞིབ་བྱ་རྒྱུ་རེད།
ལྷ་མོ་འཚོས་བསྒྱུར།