ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་རྒྱས་འཛོམས་གྲོས་ཚོགས་དང་གཞུང་ལུགས་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་བསྡུས།
2024.09.26 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 14

ཟླ9པའི་ཚེས25ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་འགོ་འཛིན་བྱས་ནས་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་རྒྱས་འཛོམས་གྲོས་ཚོགས་དང་གཞུང་ལུགས་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། དེ་མིན་མཚོ་སྔོན་ཞིང་ཆེན་གྱིས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་བདུན་ཅུ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས། རིན་ཆེན་རྣམ་རྒྱལ་དང་། ཁོང་ཡུང་། ཀྲང་ཞའོ་རོང་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ་ཞིང་། ཝང་ཀྲིན་ཁྲང་དང་། ཕིན་ཡིའུ་ཏུང་། ཞེ་པའོ་ཨིན་དང་། ལས་ཁུངས་ཏང་ཙུའུ་ཡི་ཁོངས་མི། ཆེད་མཁས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་སོགས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་བསྟན་དོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་བདུན་ཅུ་འཁོར་བ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་བཙུགས་ནས་ལོ་དོན་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྔ་ཕྱིར་ཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་ཞིང་། འདི་ནི་ཏང་ཀྲུངདབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོའི་ཆབ་སྲིད་ཀྱི་དོན་ཆེན་འཕེལ་རྒྱས་སུ་གཏོང་བར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་དེ་སྲིད་གྲོས་ཀྱི་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་ཡིན་པས། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོང་གཉིས་ལེགས་པོར་སྒྲུབ་སྟེ། རང་རྟོགས་སྒོས་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། སློབ་སྦྱོང་གི་གྲུབ་འབྲས་དེ་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་གཏོང་བའི་ཐད་མངོན་པར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཡང་དག་པ་དང་ཆ་ཚང་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་སྲིད་གྲོས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ། མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་མཐུད་སྒོས་སྲ་བརྟན་དུ་གཏོང་བ་དང་། ཏང་གི་ཇུས་ཆོད་བཀོད་སྒྲིག་དང་མི་དམངས་སྲིད་གྲོས་ཀྱི་བྱ་བར་བཏོན་པའི་བླང་བྱ་ལག་བསྟར་བྱས་ནས་ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལེགས་པོར་ཁུར་དགོས། སློབ་སྦྱོང་གི་གྲུབ་འབྲས་དེ་ལས་སྒྲུབ་སྤུས་ཀ་ཇེ་ལེགས་དང་ནུས་པ་མཐོར་འདེགས་གཏོང་བའི་ཐད་མངོན་པར་བྱེད་དགོས།  སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། མཐོ་སྒང་གི་གསོ་རིག་ཁམས་གསོ། དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱེད་པ། གྲོང་གསེབ་དར་སྤེལ། དེ་མིན་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་གཏན་འབེབས་བཟོ་བ་སོགས་བརྗོད་གཞི་གལ་ཆེན་ལ་དམིགས་ནས་གྲོས་མོལ་སྲིད་གླེང་བྱེད་པ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་འགོད་པ་དང་། གྲོས་གཞི་ཡག་པོ་སྡུད་ལེན་བྱས་ཏེ། དངོས་གཉེར་ཇུས་ཆོད་འདོན་དགོས། སློབ་སྦྱོང་གི་གྲུབ་འབྲས་དེ་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་མངོན་པར་བྱེད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱིས་སྣེ་ཁྲིད་ནས་སྲིད་གྲོས་ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྲིད་གྲོས་ཀྱི་རུ་ཁག་གཉིས་འཛུགས་སྐྲུན་བྱེད་པར་རྒྱུན་ཆད་མེད་པར་ཤུགས་སྣོན་པ། ལས་ཁུངས་ཀྱི་ལས་བྱེད་པས་ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པ་བཅས་ཀྱི་ཐད་ནས་སྔོན་ཐོན་བརྩོན་ལེན་བྱེད་པར་ཁྲིད་སྟོན་བྱེད་པ། ཨུ་ཡོན་རྣམས་ལ་རོགས་བྱས་ཏེ་ཆབ་སྲིད་ཀྱི་དམ་འཛིན་ནུས་པ་དང་ཞིབ་བཤེར་ཞིབ་འཇུག་ནུས་པ། མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ནུས་པ། མཉམ་ལས་མཉམ་སྒྲུབ་ཀྱི་ནུས་པ་བཅས་མཐོར་འདེགས་སུ་བཏང་ནས། ནུས་པ་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་བ་འཇོག་དགོས།

ལྷ་མོ་འཚོས་བསྒྱུར།