ཟླ9པའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་པེ་ཅིང་དུ་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་རུལ་རྒོལ་ཁྲིམས་བསྟར་མཉམ་ལས་དྲ་རྒྱའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་པའི་མཐོ་རིམ་འཐུས་མིར་མཇལ་འཕྲད་གནང་།
ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་ཡིས་པེ་ཅིང་དུ་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་རུལ་རྒོལ་ཁྲིམས་བསྟར་མཉམ་ལས་དྲ་རྒྱའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་པའི་མཐོ་རིམ་འཐུས་མིར་མཇལ་འཕྲད་གནང་།
ལིས་ཞི་ཡིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་གོས་སྔར་མེད་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དང་། གྲུབ་འབྲས་གཡུར་དུ་ཟ་བ་བླངས་པར་མ་ཟད་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་། ཀྲུང་གོ་ཕྱོགས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་སྤྱི་ཆིངས》ནན་ཏན་སྒོས་ལག་བསྟར་བྱས་ཏེ། རུལ་སུངས་པ་བསྐུང་སའི་གནས་གཏན་འགོག་བྱེད་པ་སོགས་ཀྱི་གྲོས་འགོ་བཏོན་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཛམ་གླིང་བཅོས་སྐྱོང་ཐད་བྱས་རྗེས་འཇོག་པར་ནུས་ཤུགས་འདོན་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཞན་དག་དང་མཉམ་དུ་དྲང་གཞག་འདྲ་མཉམ་གྱི་རིན་ཐང་འདུ་ཤེས་ལ་སྲུང་སྐྱོབ་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་ངོས་འཛིན་གཅིག་མཐུན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས། འདྲ་མཉམ་ཁོངས་ཡངས་ཀྱི་མཉམ་ལས་རྩ་དོན་ལག་བསྟར་བྱེད་པ་དང་། རྒྱལ་མཚམས་བརྒལ་ནས་རུལ་སུངས་བྱེད་པར་མཉམ་དུ་རྡུང་རྡེག་བཏང་སྟེ། སྲིད་གཙང་སྤྱོད་གཙང་གི་འཛམ་གླིང་མཉམ་དུ་འཛུགས་སྐྲུན་བྱེད་རྒྱུ་ཡིན།
མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་རུལ་རྒོལ་ཁྲིམས་བསྟར་མཉམ་ལས་དྲ་རྒྱ་ནི་འཛམ་གླིང་སྟེང་འཐུས་ཚབ་རང་བཞིན་ལྡན་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྲིམས་བསྟར་མཉམ་ལས་དྲ་རྒྱ་ཞིག་ཡིན་པ་དང་། དེའི་ཚང་འཛོམས་གྲོས་ཚོགས་ཟླ9པའི་ཚེས24ཉིན་ནས་ཚེས27ཉིན་བར་པེ་ཅིང་དུ་བསྡུས།
ཤ་བོ་རིན་མཚོས་བསྒྱུར།