ཏེན་ཞུའེ་ཞང་གིས་ནེ་པ་ལའི་ཙུང་ལི་གཞོན་པའམ་ནོར་སྲིད་པུའུ་ཀྲང་པའོ་ཏི་ཨར་ལ་མཇལ་འཕྲད་གནང་།
2024.09.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ9པའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་ནེ་པ་ལའི་ཙུང་ལི་གཞོན་པའམ་ནོར་སྲིད་པུའུ་ཀྲང་པའོ་ཏི་ཨར་ལ་མཇལ་འཕྲད་གནང་།

ཟླ9པའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་པེ་ཅིང་དུ་ནེ་པ་ལའི་ཙུང་ལི་གཞོན་པའམ་ནོར་སྲིད་པུའུ་ཀྲང་པའོ་ཏི་ཨར་ལ་མཇལ་འཕྲད་གནང་།

ཏེན་ཞུའེ་ཞང་གིས་བསྟན་དོན། ཀྲུང་གོ་དང་ནེ་པ་ལའི་རི་ཆུ་འབྲེལ་ཡོད་པ་དང་མི་རབས་ནས་མི་རབས་བར་མཛའ་མཐུན་གྱི་གྲོགས་པོ་ཡིན་ལ། རྒྱལ་ཁབ་ཆེ་ཆུང་ལ་འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་པ་དང་མཉམ་ལས་གཉིས་ཕན་གྱི་དཔེ་མཚོན་ཞིག་རེད།   2019ལོར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རིམ་སྤར་བྱས་ནས་འཕེལ་རྒྱས་དང་དར་སྤེལ་བྱས་ཏེ་མི་རབས་ནས་མི་རབས་བར་མཛའ་མཐུན་གྱི་གྲོགས་པོའི་འཐབ་ཇུས་མཉམ་ལས་འབྲེལ་བར་གྱུར། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་དམངས་འདོད་རྨང་གཞི་སྲ་བརྟན་དུ་བཏང་ནས། ཀྲུང་གོ་དང་ནེ་པ་ལའི་འབྲེལ་བའི་ཆུ་ཚད་སྔར་ལས་མཐོ་བའི་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུ་ཡིན།

པའོ་ཏི་ཨར་གྱིས་བསྟན་དོན། ནེ་པ་ལས་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་ཕྱོགས་ཀྱིས་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱས་ནས། ཀྲུང་གོ་ཕྱོགས་ལ་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་པར་ཤུགས་བསྣན་ནས། ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད།

ཤ་བོ་རིན་མཚོས་བསྒྱུར།