ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས།
2024.09.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

 ཟླ9ཚེས27ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིབ་འཇུག་པ་ཅིན་མེན་ཆིན་གདན་དྲངས་ནས“ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་ཟབ་མོ་བྱེད་པའི་རྩ་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན”ལ་དམིགས་ནས་ཆེད་དོན་ཟུར་ཁྲིད་སྙན་ཞུ་ཕུལ།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཚོགས་འདུར་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་།  ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས།

ཅིན་མེན་ཆིན་གྱིས“ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་བྱུང་འཕེལ་དང་།  རིག་གནས་ཀྱི་འགོ་ཁྲིད་དབང་ཆའི་སྐོར་གྱི་དགོངས་པ། རིག་གནས་ཀྱི་བླ་སྲོག་སྐོར་གྱི་དགོངས་པ། རིག་གནས་ཀྱི་རྩ་བའི་འབྲེལ་བའི་སྐོར་གྱི་དགོངས་པ། རིག་གནས་ཀྱི་འགན་འཁྲིའི་སྐོར་གྱི་དགོངས་པ། རིག་གནས་ཀྱི་ཐབས་ལམ་སྐོར་གྱི་དགོངས་པ། རིག་གནས་ཀྱི་བྱེད་ཐབས་སྐོར་གྱི་དགོངས་པ”བཅས་ཕྱོགས་བདུན་གྱི་ཐད་ནས་ཚང་མར་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་བླངས་ནས།  ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ལག་ལེན་དོན་འཁྱོལ་བྱེད་པའི་གཞུང་ལུགས་ཀྱི་སློབ་ཁྲིད་དང་ལག་ལེན་གྱི་སློབ་ཁྲིད་ཐེངས་ཤིག་བྱས།

ཁྲིན་ཀང་གིས་ཚོགས་འདུར་འགོ་འཛིན་བྱེད་སྐབས་བསྟན་དོན། མར་ཁེ་སི་རིང་ལུགས་ནི་ཞི་ཅིན་ཕིང་གི་རིག་གནས་དགོངས་པའི“བླ་སྲོག”ཡིན་ལ།  ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་ཅི་ཡིན་པ་དང་།   ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཟང་དོན་ཅི་ཡིན་པ་དེ་མཐར་གཏུགས་ན་མར་ཁེ་སི་རིང་ལུགས་ལག་ལེན་དུ་བསྟར་བས་ཡིན་པར་གོ་བ་ཟབ་མོ་བླངས་ཏེ། མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་ཕུན་སུམ་ཚོགས་པའི་ནང་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། མི་དམངས་ལ་སློབ་གསོ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་དམིགས་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།  “ཟུང་འབྲེལ་གཉིས”ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིག་གནས་ཀྱི་རྨང་གཞི་ཡིན་པས། རིག་གནས་ཀྱི་རང་རྟོན་ཇེ་བརྟན་དུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་བརྟེན་ནས་དར་ཆ་མཐོན་པོར་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་གསོ་སྐྱོང་། རིག་གནས་དར་སྤེལ། སྣང་བརྙན་མངོན་མཚོན་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་ཤུགས་སྣོན་པ་དང་།  སྐྱེ་ཁམས་རིག་གནས་དང་། གསར་བརྗེའི་རིག་གནས། ལོ་རྒྱུས་རིག་གནས། མི་རིགས་རིག་གནས།  མཐོ་སྒང་རིག་གནས་བཅས་གཏིང་ཟབ་ཏུ་དར་སྤེལ་གཏོང་བ།  ཤེས་པ་དང་ཉམས་ལེན་གཅིག་གྱུར་གྱིས“ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ།  རང་གཅུན་ནན་དགོས་པ”བཅས་ཀྱི་བྱ་བའི་བླང་བྱ་ལག་བསྟར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ཤིག་ཡིན་པས། ཏང་གི་རིག་གནས་འགོ་ཁྲིད་དབང་ཆ་རྒྱུན་འཁྱོངས་བྱས་ཏེ།  དུས་རབས་གསར་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་བསམ་བློའི་གླེང་ཕྱོགས་གཙོ་བོ་རྒྱུན་མ་ཆད་པར་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། གོང་བུར་འགྲིལ་ཤུགས་དང་སྣེ་ཁྲིད་བྱེད་ཤུགས་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་ཤུགས་ཆེན་པོས་འཛུགས་སྐྲུན་བྱེད་པ།  རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བཅས་བྱེད་དགོས།

ཞིང་ཆེན་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ།  ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ་སོ་སོ།  ཟི་ལིང་དུ་ཡོད་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས།  མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་ཏང་ཙུའུ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།

སྒྲོལ་མ་སྐྱིད་ཀྱིས་བསྒྱུར།