ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད།
2024.09.30 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད་དེ།  བཟོ་བཅོས་བྱས་རྗེས་ཀྱི《སྔོན་གཤེགས་དཔའ་བོའི་བསྟོད་བསྔགས་སྲོལ་ཡིག》ཁྱབ་བསྒྲགས་བྱས་ལ། 2025ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། 《སྲོལ་ཡིག》ལ་བསྡོམས་པས་ལེའུ་བརྒྱད་དང་དོན་ཚན་བདུན་ཅུ་ཡོད་པ་དང་། བཟོ་བཅོས་བྱས་རྗེས་ཀྱི་ནང་དོན་གཙོ་བོ་ནི།

གཅིག བྱ་བའི་རྩ་དོན་སྔར་ལས་གསལ་བར་བྱས་པ་སྟེ།     སྔོན་གཤེགས་དཔའ་བོར་གཟེངས་བསྟོད་བྱེད་པའི་བྱ་བའི་ཐད་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་པ་དང་།     རྒྱལ་ཁབ་ཀྱིས་སྔོན་གཤེགས་དཔའ་བོར་བསྟོད་བསྔགས་དང་རྗེས་དྲན།    སྲུང་སྐྱོབ་བཅས་བྱེད་པ།   སྔོན་གཤེགས་དཔའ་བོའི་གཟི་བརྗིད་མཚན་སྙན་ལ་སྲུང་སྐྱོབ་བྱེད་པ།    སྔོན་གཤེགས་དཔའ་བོའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ།    སྔོན་གཤེགས་དཔའ་བོའི་བྱས་རྗེས་དང་སྙིང་སྟོབས་དྲིལ་སྒྲོག་བྱེད་པ།    སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་བཅས་གཏན་འབེབས་བྱས།

གཉིས། སྔོན་གཤེགས་དཔའ་བོ་དཔྱད་འདེམ་གྱི་ཆ་རྐྱེན་དང་གོ་རིམ་འཐུས་ཚང་དུ་བཏང་།

གསུམ། གཟིགས་སྐྱོང་ཇེ་ལེགས་དང་ཞབས་ཞུའི་འགན་སྲུང་འཐུས་ཚང་དུ་བཏང་བ་དང་།     གཟི་བརྗིད་མཚན་སྙན་ལ་སྐུལ་མ་གཏོང་བ་དང་གཟིགས་སྐྱོང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་།

བཞི། སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པའི་སྒྲིག་ཆས་སྲུང་སྐྱོབ་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ལ།     སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་གཏན་འབེབས་ཁ་སྣོན་བྱས་ཡོད།

ལྔ། དྲིལ་བསྒྲགས་དང་དར་སྤེལ་གཏོང་ཤུགས་ཆེ་རུ་བཏང་ནས། སྔོན་གཤེགས་དཔའ་བོའི་དུར་ཕྱགས་ལམ་ལུགས་དང་གུས་ལུགས་ཚད་ལྡན་བཟོས་པ་དང་འཐུས་ཚང་དུ་བཏང་།

ཤ་བོ་རིན་མཚོས་བསྒྱུར།