《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་དཔྱད་བརྗོད》པར་སྐྲུན་འགྲེམས་སྤེལ་བྱས།
2024.09.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

ཞིན་ཧྭ་གསར་འགྱུར་ཁང་གིས་རྩོམ་སྒྲིག་བྱས་པའི《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་དཔྱད་བརྗོད》ཅེས་པའི་དཔེ་དེབ་དེ་ཉེ་ལམ་ཞིན་ཧྭ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས།     དེབ་དེའི་གློག་རྡུལ་པར་གཞི་དེ་རྒྱལ་ནང་གི་གློག་རྡུལ་དཔེ་ཀློག་ལས་སྟེགས་ཆེ་གྲས་ཁག་ཏུ་དུས་ཐོག་ཏུ་འགྲེམ་སྤེལ་བྱས།

《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་དཔྱད་བརྗོད》ཅེས་པའི་དཔེ་དེབ་དེ་ནི་ཞིན་ཧྭ་གསར་འགྱུར་ཁང་གིས་ཡོངས་བསྒྲགས་བྱས་ནས་སྤེལ་བའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་འཕྲིན་གསར་རྨང་གཞིར་བྱས་ནས་རྩོམ་སྒྲིག་བྱས་པ་རེད།     དེབ་དེའི་ནང་དོན་དངོས་ལ་ཁག་བཞི་ཡོད་དེ།    “སྐྱོད་ལམ་གསར་པ་དང་འགོ་རྩོམ་ས་གསར་པའི་སྟེང་བཅོས་སྒྱུར་སྒོ་འབྱེད་ཀྱི་ལམ་ཚད་རྡོ་རིང་གསར་པ་བཀོད་པ”ཞེས་པའི་ཁག་དེ་རུ་ཞིན་ཧྭ་གསར་འགྱུར་ཁང་གིས་སྒྲོག་སྤེལ་བྱས་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གསལ་འགྲེལ་བྱས་པའི་དཔྱད་གཏམ་རིགས་ཀྱི་རྩོམ་ཡིག་ཁག10བསྡུས་ཡོད།   “ཇུས་གཞི་གསར་པ་དང་བཀོད་སྒྲིག་གསར་པས་བཅོས་སྒྱུར་རྒྱ་ཆེ་བ་དང་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ”ཞེས་པའི་ཁག་དེ་རུ་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་རིགས་སོ་སོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པའི་གནས་ཚུལ་བཀོད་ཡོད། “གོ་སྐབས་གསར་པ་དང་བློ་འབྱེད་གསར་པའི་མིའི་རིགས་ཀྱི་ཐུན་མོང་ཚོགས་པ་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཀྲུང་གོའི་བློ་གྲོས་འབུལ་དགོས”ཞེས་པ་པའི་ཁག་དེ་རུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་ཚད་མཐོའི་གདེང་འཇོག་དང་ཡོངས་ཁྱབ་ཀྱི་ངོས་འཛིན་བྱས་པའི་སྐོར་བཀོད་ཡོད།   “རྣམ་པ་གསར་པ་དང་འགན་འཁྲི་གསར་པས་བཅོས་སྒྱུར་རྒྱུན་འཁྱོངས་བྱེད་དགོས”ཞེས་པའི་ཁག་དེ་རུ་ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་འགྲེང་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་སྔར་ལས་གཏིང་ཟབ་ཏུ་གཏོང་བར་རེ་འབོད་བཏོན་ཡོད།

དཔེ་དེབ་འདིའི་ནང་དོན་དབང་གྲགས་ལྡན་པ་དང་།    པར་རིས་དང་ཡི་གེ་ལྷན་དུ་བཀོད་ཡོད་ལ།    གོ་བདེ་ཤེས་སླ་བ་བཅས་ཡིན་པས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་ཕན་ཐོགས་ཡོད།

ཤ་བོ་རིན་མཚོ།