ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད།
2024.10.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 546

ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མཚན་བཀོད་དེ།《དྲ་རྒྱའི་གཞི་གྲངས་བདེ་འཇགས་དོ་དམ་སྲོལ་ཡིག》ཁྱབ་བསྒྲགས་བྱས་ལ། 2025ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

《སྲོལ་ཡིག》གི་དམིགས་ཡུལ་ནི་དྲ་རྒྱའི་གཞི་གྲངས་ཐག་གཅོད་བྱ་འགུལ་ཚད་ལྡན་དུ་གཏོང་བ་དང་།    དྲ་རྒྱའི་གཞི་གྲངས་བདེ་འཇགས་ལ་འགན་སྲུང་བྱེད་པ།    དྲ་རྒྱའི་གཞི་གྲངས་ཁྲིམས་ལྟར་ལུགས་མཐུན་དང་ནུས་ལྡན་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་བ།    མི་སྒེར་དང་རྩ་འཛུགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ།    རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་རེད།     《སྲོལ་ཡིག》ལ་བསྡོམས་པས་ལེའུ་དགུ་དང་དོན་ཚན་རེ་བཞི་ཡོད་པ་དང་། གཙོ་བོ་གཤམ་གསལ་གྱི་ནང་དོན་གཏན་འབེབས་བྱས་ཡོད་དེ།

གཅིག་ནི་དྲ་རྒྱའི་གཞི་གྲངས་བདེ་འཇགས་དོ་དམ་གྱི་སྤྱིའི་བླང་བྱ་དང་སྤྱིར་བཏང་གི་གཏན་འབེབས་བཏོན་ཡོད།     དྲ་རྒྱའི་གཞི་གྲངས་ལས་རིགས་སོ་སོ་དང་ཁྱབ་ཁོངས་སོ་སོ་རུ་གསར་གཏོད་དང་བཀོལ་སྤྱོད་བྱ་རྒྱུར་སྐུལ་ལྕག་བྱས་ནས། དྲ་རྒྱའི་གཞི་གྲངས་ལ་རིགས་དབྱེ་དང་རིམ་དབྱེའི་སྒོ་ནས་སྲུང་སྐྱོབ་བྱེད་པ་དང་།    དྲ་རྒྱའི་གཞི་གྲངས་བདེ་འཇགས་ཀྱི་འབྲེལ་ཡོད་རྒྱལ་སྤྱིའི་སྒྲིག་སྲོལ་དང་ཚད་གཞི་བཟོ་བའི་ནང་ཧུར་ཐག་གིས་ཞུགས་པ།    ལས་རིགས་རང་གཅུན་ལ་ཤུགས་སྣོན་པ།   ཁྲིམས་འགལ་གྱི་དྲ་རྒྱའི་གཞི་གྲངས་ཐག་གཅོད་བྱ་འགུལ་གཏན་འགོག་བཅས་བྱེད་དགོས། དྲ་རྒྱའི་གཞི་གྲངས་ཐག་གཅོད་བྱེད་མཁན་ལ་དྲ་རྒྱའི་གཞི་གྲངས་བདེ་འཇགས་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།    བདེ་འཇགས་ཉེན་ཁའི་སྙན་ཞུ།    བདེ་འཇགས་དོན་རྐྱེན་ཐག་གཅོད་སོགས་ཀྱི་འོས་འགན་ལག་བསྟར་བྱེད་དགོས།

གཉིས་ནི་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ཀྱི་གཏན་འབེབས་ཞིབ་ཕྲ་བཟོས།     མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་པའི་ལམ་སྲོལ་དང་བརྩི་སྲུང་བྱེད་དགོས་པའི་བྱེ་བྲག་གི་གཏན་འབེབས་གསལ་བོ་བྱས་པ་དང་།     དྲ་རྒྱའི་གཞི་གྲངས་ཐག་གཅོད་བྱེད་མཁན་ལ་སྟབས་བདེའི་མི་སྒེར་གྱི་དབང་ཆ་སྤྱོད་རྒྱུར་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་དང་ཐབས་ལམ་འདོན་སྤྲོད་བྱེད་དགོས་པ་དང་། ལུགས་མཐུན་མིན་པའི་ཆ་རྐྱེན་བཀོད་ནས་མི་སྒེར་གྱི་ལུགས་མཐུན་རེ་ཞུར་ཚོད་འཛིན་བྱེད་མི་ཆོག རང་འགུལ་རང་བཞིན་གྱི་འཚོལ་བསྡུའི་ལག་རྩལ་སོགས་སྤྱད་དེ་མི་སྒེར་གྱི་ཆ་འཕྲིན་འཚོལ་བསྡུའི་སྲུང་སྐྱོབ་ཀྱི་འོས་འགན་གསལ་བོ་བྱས་ནས། མི་སྒེར་གྱི་ཆ་འཕྲིན་གཞན་སྒྱུར་རེ་ཞུའི་མངོན་འགྱུར་ཐབས་ལམ་ཞིབ་ཕྲ་བཟོ་དགོས།

གསུམ་ནི་གཞི་གྲངས་གཙོ་བོའི་བདེ་འཇགས་ལམ་ལུགས་འཐུས་ཚང་དུ་བཏང་། གཞི་གྲངས་གལ་ཆེན་གྱི་དཀར་ཆག་བཟོ་བའི་འགན་འཁྲིའི་བླང་བྱ་གསལ་བོ་བཟོས་ནས། དྲ་རྒྱའི་གཞི་གྲངས་ཐག་གཅོད་བྱེད་མཁན་གྱི་དབྱེ་འབྱེད་དང་གཞི་གྲངས་གལ་ཆེན་ཡིག་ཐོག་སྙན་ཞུ་བྱེད་པའི་འོས་འགན་གཏན་འབེབས་བྱེད་དགོས།     དྲ་རྒྱའི་གཞི་གྲངས་བདེ་འཇགས་དོ་དམ་ལས་ཁུངས་དང་དྲ་རྒྱའི་གཞི་གྲངས་བདེ་འཇགས་འགན་འཁུར་པའི་འགན་འཁྲི་གཏན་འབེབས་བྱེད་དགོས།     གཞི་གྲངས་གལ་ཆེན་གྱི་ཉེན་ཁ་དཔྱད་འཇོག་སྐོར་གྱི་བྱེ་བྲག་གི་བླང་བྱ་གསལ་བོ་བྱེད་དགོས།

བཞི་ནི་དྲ་རྒྱའི་གཞི་གྲངས་ས་མཚམས་བརྒལ་བའི་བདེ་འཇགས་དོ་དམ་གྱི་གཏན་འབེབས་ཇེ་ལེགས་སུ་བཏང་།  དྲ་རྒྱའི་གཞི་གྲངས་ཐག་གཅོད་པས་ཕྱི་རྒྱལ་ལ་མི་སྒེར་གྱི་ཆ་འཕྲིན་འདོན་སྤྲོད་བྱེད་ཆོག་པའི་ཆ་རྐྱེན་གསལ་བོ་བྱེད་པ་དང་།    རྒྱལ་སྤྱིའི་ཆིངས་ཡིག་དང་གྲོས་མཐུན་བཞག་པའམ་ཡང་ན་དེའི་ནང་ཞུགས་པའི་གཏན་འབེབས་ལྟར་ཕྱི་རྒྱལ་ལ་མི་སྒེར་གྱི་ཆ་འཕྲིན་འདོན་སྤྲོད་བྱེད་ཆོག་པའི་གཏན་འབེབས་བྱེད་དགོས།  འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་ལ་གསལ་བཤད་བྱས་མེད་པའམ་ཡང་ན་གཞི་གྲངས་གལ་ཆེན་ཡོངས་བསྒྲགས་བྱས་མེད་པའི་རིགས་དེ་གཞི་གྲངས་གལ་ཆེན་ལ་བརྩིས་ནས། གཞི་གྲངས་ས་ཁོངས་བརྒལ་བའི་བདེ་འཇགས་དཔྱད་འཇོག་ལ་ཡིག་ཐོག་སྙན་ཞུ་བྱེད་མི་དགོས་པའི་གཏན་འབེབས་བྱས་ཡོད།

ལྔ་ནི་དྲ་རྒྱའི་སྟེགས་བུའི་ཞབས་ཞུ་འདོན་སྤྲོད་བྱེད་མཁན་གྱི་འོས་འགན་གཏན་ཁེལ་གསལ་བོ་བྱས།     དྲ་རྒྱའི་སྟེགས་བུའི་ཞབས་ཞུ་འདོན་སྤྲོད་བྱེད་མཁན་དང་ཕྱོགས་གསུམ་པའི་ཐོན་རྫས།    ཞབས་ཞུ་འདོན་སྤྲོད་བྱེད་མཁན་སོགས་དྲ་རྒྱའི་གཞི་གྲངས་གཙོ་བོའི་བདེ་འཇགས་སྲུང་སྐྱོབ་ཀྱི་བླང་བྱ་གཏན་འབེབས་བྱེད་དགོས།  རང་འགུལ་ཅན་གྱི་ཐབས་ཇུས་བྱེད་ཐབས་བརྒྱུད་དེ་མི་སྒེར་ལ་ཆ་འཕྲིན་ཁྱབ་གདལ་གཏོང་བའི་སྒྲིག་སྲོལ་གསལ་བོ་བཟོ་བ་དང་།    དྲ་རྒྱའི་སྟེགས་བུའི་ཞབས་ཞུ་འདོན་སྤྲོད་བྱེད་མཁན་ཆེ་གྲས་ཀྱིས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ཀྱི་སྤྱི་ཚོགས་འགན་འཁྲིའི་ལོ་འཁོར་གྱི་སྙན་ཞུ་ཁྱབ་བསྒྲགས་བྱེད་པ་དང་།    དྲ་རྒྱའི་གཞི་གྲངས་རྒྱལ་མཚམས་བརྒལ་བའི་བདེ་འཇགས་ཉེན་ཁ་འགོག་ཟོན་བྱེད་པ་སོགས་ཀྱི་བླང་བྱ་བཏོན་ཡོད།

ཤ་བོ་རིན་མཚོས་བསྒྱུར།